མགོ་ལོག་ཁུལ་རྨ་ཡུལ་སེང་ལྕམ་འབྲུག་མོའི་སློབ་གྲྭ་མཚམས་སྦྱོར་མདོར་བསྡུས།

རྩོམ་པ་པོ།:གཉན་བུ། 2011-06-09
མཚོ་སྔོན་པོ་དྲ་བ།


རྨ་ཡུལ་སེང་ལྕམ་འབྲུག་མོའི་སློབ་གྲྭ་ཆགས་སའི་གནས།

            སློབ་གྲྭ་འདི་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་དུ་ཡོད་ལ། སྤྱི་ལོ2005ལོའི་ཟླ6པ་ནས་བཟུང་བཙུགས་པ་ཡིན་ཞིང་། སློབ་མ་མང་ཆེ་བ་ཟི་ཁྲོན་ཞིང་ཆེན་དུ་ཡིན་ལ།མཚོ་སྔོན་དང་ཀན་ལྷོདཀར་མཛེས་སོགས་སུ་ཡོད། སློབ་གྲྭ་འདི་ནི་སློབ་ཆུང་ཡིན་ལ་ལོ་རིམ་དྲུག་ཏུ་ཕྱེས་ཡོད། དགེ་རྒན་བཅུ་གཉིས་དང་སློབ་མ་བརྒྱ་དང་བཅུ་ཕྲག་འགའ་ཡོད། སློབ་གྲྭ་འདི་བཙུགས་ནས་དུས་ཡུན་རིང་བོ་མ་འགོར་ཡང་བོད་ཀྱི་སྲོལ་རྒྱུན་རིག་གནས་གཙོས་རྒྱ་བོད་དབྱིན་གསུམ་གྱི་རིག་གནས་དང་རི་མོ་སོགས་ཀྱི་རྐང་རྩ་མི་དམན་པ་འཇོག་གིན་ཡོད། 


སློབ་གྲྭའི་ཟུར་ཞིག

            གཞན་དགེ་རྒན་བཅུ་ཕྲག་འགའ་དང་སློབ་མ་བརྒྱ་ཕྲག་འགའ་ལས་གྲུབ་པའི་སློབ་ཆུང་ཞིག་གི་སྐས་ཐེམ་ན་བགྲོད་པའི་སློབ་ཆུང་གི་སློབ་གྲྭ་འདིས། རྒྱུན་དུ་ཕ་སྐད་དོ་དམ་དང་ཤེས་རིག་འགྲན་གླིང་།གེ་སློབ་བརྩི་བཀུར་སོགས་བོད་ཀྱི་སློབ་གྲྭ་ཞིག་ལ་ཡོད་འོས་པའི་སྒྲིག་ལམ་དང་སློབ་གསོ་རྒྱུན་སྐྱོང་གིན་འདུག སློབ་གྲྭ་འདིས་ཁ་ཕྱོགས་སའམ་ཤུགས་རྒྱག་ས་ལ་ཡང་སློབ་གྲྭ་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི། བུད་མེད་རྐྱང་རྐྱང་གི་སློབ་གྲྭ་སྟེ་བུད་མེད་ཀྱི་ཐོབཐང་གཙོ་བོར་བཟུང་ནས་སློབ་གསོ་མཐོར་འདེགས་བྱེད་ཀྱིན་ཡོད་པ་དེ་རེད།