ང་ནི་བོད་པའི་བུ་མོ།

རྩོམ་པ་པོ།:ནེའུ་ཆུང་། 2011-05-20
མཚོ་སྔོན་པོ་དྲ་བ།

རུས་མིང་།     ནེའུ་ཆུང་།   
འཛིན་གྲྭ     སློབ་ཆུང་ལོ་རིམ་གཉིས་པ།
ཕ་ཡུལ།      ཟི་ཁྲོན་ཁྱུང་མཆུ་རྫོང་། 

ང་ནི་བོད་པའི་བུ་མོ།

         ནེའུ་ཆུང་།

    བོད་པའི་བུ་མོ་ཡིན་ན།།
    ལྔ་རིག་སློབ་གླིང་འགྲིམས་དགོས།།
    ཤེས་བྱ་སྣ་ཚོགས་སྦྱོང་དགོས།།
    མ་འོངས་མདུན་ལམ་འཚོལ་དགོས།།
 
    བོད་པའི་བུ་མོ་ཡིན་ན།།
    བོད་ཡིག་བོད་སྐད་ཤེས་དགོས།།
    བོད་ལྭ་གཙང་མ་གྱོན་དགོས།།
    བོད་མོའི་གཤིས་ཀ་ཆགས་དགོས།།
 
    བོད་པའི་བུ་མོ་ཡིན་ན།།
    བོད་པའི་ལོ་རྒྱུས་འཚོལ་དགོས།།
    བོད་མོའི་ཐོབ་ཐང་གླེང་དགོས།།
    བོད་མོའི་ལ་རྒྱ་ཟིན་དགོས།།

2011.5.13