བུ་མོ་ཚོ་མདུན་དུ་འགྲོ།

རྩོམ་པ་པོ།:སྐལ་བཟང་མེ་ཏོག 2011-05-20
མཚོ་སྔོན་པོ་དྲ་བ།

རུས་མིང་།    སྐལ་བཟང་མེ་ཏོག
འཛིན་གྲྭ     སློབ་ཆུང་ལོ་རིམ་དྲུག་པ།
ཕ་ཡུལ།     མཚོ་སྔོན་རྐང་ཚ་རྫོང་།

བུ་མོ་ཚོ་མདུན་དུ་འགྲོ།

                 སྐལ་བཟང་མེ་ཏོག

     བུ་མོ་ཚོ
     ལུས་ལ་གཉོམ་ཞིག་ཁུར་ནས
     སེམས་ལ་བརྣག་ཅིག་བཟུང་ནས
     ཁ་རོག་གེར་འདུག་དོན་ཅི
     ང་ཚོར་རིག་གནས་སྦྱོང་བའི་བློ་གྲོས་མེད་པ་ཡིན་ནམ
     མདུན་སྐྱོད་ཀྱི་མིག་ཟུང་དང་རྐང་ལག་མེད་སོང་བ་ཡིན
 
     ང་ཚོའི་སེམས་ཁུངས་སུ
     ང་ཚོ་ནི་རླབས་ཆེ་བའི་མ་ཡུམ་ཡིན
     སྐྱེས་པ་ཚོར་ཡོད་པའི་རིག་གནས་དེ་ང་ཚོར་ཡོད་ལ
     སྐྱེས་པ་ཚོར་ཡོད་པའི་བློ་སྤོབས་དེ་ཡང་ང་ཚོར་ཡོད་འོས
 
     དེས་ན་བུ་མོ་ཚོ
     ང་ཚོ་ནི་མ་འོངས་བའི་གདུང་འདེགས་ཀྱི་ཀ་བ་དང་
     མ་འོངས་པའི་རེ་བ་ཞིག་ཏུ་འགྱུར་བར་ཧུར་བརྩོན་བྱས་ནས
     ཕོ་མཆོག་མོ་དམན་གྱི་ལྟ་བ་རིང་དུ་དོར་བཞིན
     རླབས་ཆེན་གྱི་མ་ཡུམ་ཞིག་ཏུ་འགྱུར་བར་ཡིད་ཆེས་ཀྱིས
     མདུན་ནས་མདུན་དུ་འགྲོ་ཡ  བུ་མོ་ཚོ

2011.5.21