བུད་མེད་ཚོར་ལབ་པ།

རྩོམ་པ་པོ།:ཏཱ་རེ་སྒྲོལ་མ། 2011-05-20
མཚོ་སྔོན་པོ་དྲ་བ།

རུས་མིང་།   ཏཱ་རེ་སྒྲོལ་མ
འཛིན་གྲྭ    སློབ་ཆུང་ལོ་རིམ་དྲུག་པ།
ཕ་ཡུལ།    ཟི་ཁྲོན་ཁྱུང་མཆུ་རྫོང་།

བུད་མེད་ཚོར་ལབ་པ།

                 ཏཱ་རེ་སྒྲོལ་མ།

          འཛམ་གླིང་གཡས་སུ་སྐོར་བའི།།
          གངས་ཅན་བོད་ཀྱི་བུ་མོ།།
          ཤེས་རིག་དར་ཆ་བསྒྲེངས་ཏེ།།
          བོད་རིགས་མདུན་དུ་ཁྲིད་དགོས།།
 
          མཐོ་སྒང་སྐྱེས་མའི་ཐོབ་ཐང་།།
          ཚད་ཐིག་ཡོད་པའི་སྒོ་ནས།།
          བརྩད་ན་བོད་པའི་སྲོལ་ལ།།
          ཕན་པ་ལོས་ཡོད་བསམ་གི།།
 
          ཤེས་རིག་གླིང་དུ་ཕེབས་པའི།།
          བརྩོན་ལྡན་གྲོགས་མོ་རྣམ་པ།།
          རིག་པའི་གནས་ལ་སྦྱོང་བ།།
          ང་ཚོ་སློབ་མའི་འགན་རེད།།
 
          མ་ཡུམ་སློབ་གྲྭའི་གླིང་གི།།
          དྲིན་ཆེན་སློབ་དཔོན་དམ་པའི།།
          གསུང་བའི་བསླབ་བྱ་མཐའ་དག།
          ཡིད་ལ་དམ་པོར་འཛིན་དགོས།།

2011.5.19