འབོད་སྐད།

རྩོམ་པ་པོ།:ཟླ་བ་སྒྲོལ་མ། 2011-05-20
མཚོ་སྔོན་པོ་དྲ་བ།

རུས་མིང་།   ཟླ་བ་སྒྲོལ་མ
འཛིན་གྲྭ    སློབ་ཆུང་ལོ་རིམ་དྲུག་པ།
ཕ་ཡུལ།    ཟི་ཁྲོན་ཁྱུང་མཆུ་རྫོང་།

འབོད་སྐད།

                ཟླ་བ་སྒྲོལ་མ།

         ཉམ་ཆུང་བུད་མེད་ང་ཚོས།།
         ཉམ་ཐག་བརྙེས་བཅོས་ཁུར་ནས།།
         གཞན་ལ་ཕན་སེམས་བཅངས་བཞིན།།
         མཉམ་དུ་རང་ཉིད་གླེང་ཡ།།
 
         ཁ་བའི་བུ་མོ་ང་ཚོས།།
         མ་ཡུམ་སློབ་གྲྭའི་གླིང་ནས།།
         བུད་མེད་ཐོབ་ཐང་རྩོད་བཞིན།།
         ཤེས་རིག་ཧུབ་གསུམ་འཐུང་ཡ།།
 
         བོད་པའི་བུ་མོ་ང་ཚོས།།
         བུད་མེད་ལས་དབང་བསམ་ནས།།
         སྐྱིད་སྡུག་དབྱེ་བ་དོར་ནས།།
         རིག་པའི་གནས་ལྔ་སྦྱོངས་ཡ།།
 
         འཛམ་གླིང་བུ་མོ་ང་ཚོས།།
         མི་རིགས་སྐྱིད་སྡུག་བསམ་ནས།།
         རྡོག་རྩ་གཅིག་སྒྲིལ་བྱས་ནས།།
         སྔོན་ཐོན་གྲལ་དུ་འཚང་ཡ།།

2011.5.15