རྨི་ལམ།

རྩོམ་པ་པོ།:རིག་འཛིན་སྒྲོལ་མ། 2011-05-20
མཚོ་སྔོན་པོ་དྲ་བ།

རུས་མིང་།   རིག་འཛིན་སྒྲོལ་མ
འཛིན་གྲྭ     སློབ་ཆུང་ལོ་རིམ་དྲུག་པ།
ཕ་ཡུལ།       ཟི་ཁྲོན་ཁྱུང་མཆུ་རྫོང་།

རྨི་ལམ།

               རིག་འཛིན་སྒྲོལ་མ།

        ཕ་ཁྱིམ་གྲུ་བཞིའི་ནང་དུ།།
        ཕ་མར་ལྷན་དུ་གནས་དུས།།
        ང་རང་སློབ་སྦྱོང་ཆེད་དུ།།
        ཕ་མར་འབྲལ་དགོས་བྱུང་སོང་།།
 
        བོད་པའི་སྐྱིད་སྡུག་བསམ་ནས།།
        བུ་མོའི་ཐོབ་ཐང་བསམ་ནས།།
        དཔེ་ཁུག་རྒྱབ་ལ་ཁུར་ནས།།
        སློབ་གླིང་འདི་རུ་འབྱོར་ཡོད།།
 
        མ་ཡུམ་སློབ་གླིང་འདི་ནས།།
        དགེ་སློབ་ལྷན་འཛོམས་ཉི་མ།།
        ཡུན་རིང་གནས་ན་འདོད་ཀྱང་།།
        རིང་བའི་གོ་སྐབས་ཕྲ་བ།།
 
        སློབ་གཙོ་བཀའ་དྲིན་ཅན་པོས།།
        སློབ་གྲྭ་གང་དུ་བསྐྱལ་རུང་།།
        སེམས་དང་བསམ་པ་གཉིས་ཀ།།
        སློབ་གླིང་འདི་ནས་ལུས་འགྲོ།།

2011.5.19