རང་དོན་ཅན་འདི་དག

རྩོམ་པ་པོ།:ཀླུ་མོ་མཚོ། 2011-05-20
མཚོ་སྔོན་པོ་དྲ་བ།

རུས་མིང་།  ཀླུ་མོ་མཚོ།
འཛིན་གྲྭ  སློབ་ཆུང་ལོ་རིམ་ལྔ་བ།
ཕ་ཡུལ།   ཟི་ཁྲོན་ཁྱུང་མཆུ་རྫོང་།

རང་དོན་ཅན་འདི་དག

                ཀླུ་མོ་མཚོ།     

        གངས་ཅན་བོད་ཀྱི་ཡུལ་ན།།
        རིག་གནས་སྦྱོང་ནི་མང་གི།།
        རང་དོན་གཅིག་པུ་མ་གཏོགས།།
        བོད་དོན་བསམ་ནི་ཉུང་གི།

 
        མཐོ་སྒང་བོད་ཀྱི་ཡུལ་ན།།
        སློབ་གླིང་འགྲིམས་ནི་མང་གི།།
        མ་འོངས་རང་དོན་མ་གཏོགས།།
        ལ་རྒྱ་གླེང་ནི་ཉུང་གི།
 
        ཁ་བ་ཅན་གྱི་ཡུལ་ན།།
        བུད་མེད་སྐྱེས་ནི་མང་གི།།
        མདུན་གྱི་ལས་ཀ་མ་གཏོགས།།
        རང་དབང་རྩོད་ནི་ཉུང་གི།
 
        འཛམ་གླིང་ས་སྒང་འདི་རུ།།
        ཤེས་རིག་སྦྱོང་ནི་མང་གི།།
        ནང་བའི་ཆོས་ལུགས་འདི་ལ།།
        སློབ་སྦྱོང་བྱེད་ནི་ཉུང་གི།
 
        འཇིག་རྟེན་མི་ཡུལ་འདི་ན།།
        མི་རིགས་རྣམ་པ་མང་གི།།
        གདོང་དམར་བོད་པ་ཚང་ལ།།
        རང་དོན་གླེང་ནི་ཉུང་གི།

2011.5.19