བོད་པའི་བླ་སྲོག

རྩོམ་པ་པོ།:ཤེལ་དཀར་ཚེ་སྒྲོན། 2011-05-20
མཚོ་སྔོན་པོ་དྲ་བ།

རུས་མིང་།  ཤེལ་དཀར་ཚེ་སྒྲོན།
འཛིན་གྲྭ  སློབ་ཆུང་ལོ་རིམ་བཞི་བ།
ཕ་ཡུལ།   ཟི་ཁྲོན་ཁྱུང་མཆུ་རྫོང་།

བོད་པའི་བླ་སྲོག

               ཤེལ་དཀར་ཚེ་སྒྲོན།

        ཀ་ཁའི་དབྱངས་རྟ་གྱེར་བའི་སློབ་མ་གཅིག།
        བུ་མོའི་ཐོབ་ཐང་རྩོད་པའི་བུད་མེད་གཉིས།།
        ཕ་སྐད་གཙང་མ་བཤད་པའི་བོད་པ་གསུམ།།
        འདི་གསུམ་འཛོམས་པ་བོད་པའི་བླ་སྲོག་ཡིན།།
 
        བོད་ཡིག་བོད་སྐད་སྦྱོང་བའི་སློབ་གྲྭ་གཅིག།
        བོད་པའི་ལ་རྒྱ་རྩོད་པའི་བོད་མི་གཉིས།།
        རང་སྡེ་རིགས་ལ་ཞེན་པའི་ན་གཞོན་གསུམ།།
        འདི་གསུམ་འཛོམས་པ་བོད་པའི་བླ་སྲོག་ཡིན།།
 
        རང་གི་ཆོས་ལ་དད་པའི་བླ་གྲྭ་གཅིག།
        ཕ་སྐད་དོ་དམ་བྱེད་པའི་མི་སྣ་གཉིས།།
        ཕ་མའི་དྲིན་ལན་ཤེས་པའི་བུ་ཕྲུག་གསུམ།།
        འདི་གསུམ་འཛོམས་པ་བོད་པའི་བླ་སྲོག་ཡིན།།

2011.5.18