བདག་གི་བོད་ཡིག་དགེ་རྒན།

རྩོམ་པ་པོ།:ལྕགས་མོ་རྒྱལ། 2011-06-22
མཚོ་སྔོན་པོ་དྲ་བ།

                      
                                 རུས་མིང་། ལྕགས་མོ་རྒྱལ།
                                 སློབ་རིམ། ལོ་རིམ་ལྔ་བའི་འཛིན་གྲྭ་གཉིས་པ།
                                 དགའ་ཕྱོགས། རྩོམ་རིག་དགའ་ཕྱོགས་འཛིན་གྲྭ

བདག་གི་བོད་ཡིག་དགེ་རྒན།

                                                                                         ལྕགས་མོ་རྒྱལ།

         བདག་ལ་བྱམས་སེམས་རི་བོ་ལས་མཐོ་ཞིང་བརྩེ་བ་རྒྱ་མཚོ་ལས་ཟབ་པའི་དགེ་རྒན་ཞིག་ཡོད་པ་སྟེ། ཁོ་མོ་ནི་ང་ཚོའི་བོད་ཡིག་དགེ་རྒན་ཚེ་ལོ་སྐྱིད་ཡིན།   དགེ་རྒན་ཚེ་ལོ་སྐྱིད་ནི་གཟུགས་རིང་ཞིང་ཕྲ་ལ།  མེ་ཏོག་ཉི་དགའི་འབྲས་བུ་ལྟ་བུའི་ངོ་གདོང་ན་ནམ་ཡང་འཛུམ་གྱིས་ཁེངས་ཡོད་པ་མ་ཟད།  གཞུ་ལྟར་འཁྱོག་པའི་སྨིན་པའི་འོག་ན་ཁྲ་རིག་རིག་བྱེད་པའི་མིག་ཟུང་གཉིས་ཀ་འོད་ཀྲིག་ཀྲིག་བྱེད་པ་དང༌།  རྒྱུན་པར་ལྭ་བ་སྔོན་པོ་ཆ་ཚང་ཞིག་གྱོན་ནས་སློབ་ཁྲིད་བྱེད་དུ་ཡོང་བར་བྱེད་མོད།  དེ་ནི་ཁོ་མོ་འཆོར་སྒེག་གི་ལྭ་བ་གཞན་མེད་པ་མ་ཡིན་པར་དགེ་རྒན་གྱི་ཀུན་སྤྱོད་དང་རང་དཔེ་གཞན་སྟོན་གྱི་ཆ་ནས་དེ་ལྟར་གྱོན་པ་རེད། 
        ཉིན་ཞིག་ལ།  ང་ཚོ་འཛིན་གྲྭ་དང་ལྔ་བཞི་འཛིན་གྲྭ་གཉིས་ཀྱིས་རྐང་རྩེད་སྤོ་ལོ་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ་ན།  ཁོ་མོ་དུས་ཚོད་ལ་མ་སླེབས་གོང་ནས་རྩལ་སྦྱོང་རྭ་བར་ཡོང་སྟེ་ང་ཚོར་བཀོད་འདོམ་བྱས་པ་མ་ཟད།  ངག་འཇམ་གྱི་སྒོ་ནས་འགྲན་བསྡུར་གྱི་སྐབས་སུ་མཛའ་བརྩེ་དང་པོ་དང་འགྲན་བསྡུར་གཉིས་པ་ཡིན་མོད།  དེ་ལས་ཀྱང་གལ་ཆེ་བ་ནི་བདེ་འཇགས་ཨང་དང་པོ་ཡིན་ཞེས་བཤད་བྱུང༌།  སྐད་ཆ་འདི་ལས་ཀྱང་ཁོ་མོས་དུས་དང་རྣམ་པ་ཀུན་ཏུ་ང་ཚོའི་བདེ་འཇགས་ལ་ཐུགས་ཁུར་གནང་གིན་ཡོད་པ་ཤེས་ཐུབ།
        འགྲན་བསྡུར་ནི་ཛ་དྲག་གི་འགོ་བརྩམས་ཤིང་རེ་སྟོང་གིས་མཇུག་བསྡུས་སོང༌།  རྒྱུ་མཚན་ནི། ང་ཚོ་འཛིན་གྲྭས་ཕམ་ཁ་བླངས་པ་རེད།  ང་ཚོས་ཕ་མ་ཁ་ཉོས་པ་དེ་ནི་ཡིད་སྐྱོ་བ་ཞིག་ཡིན་མོད། དེ་ལས་ཀྱང་ཡིད་སྐྱོ་བ་ཞིག་ནི་དགེ་རྒན་གྱི་རེ་བ་སྟོང་ཟད་ཏུ་བཏང་བ་དེ་རེད།  འགྲན་བསྡུར་གྱི་སྐབས་སུ། དགེ་རྒན་ཚེ་ལོ་སྐྱིད་ཀྱིས་མོ་རང་གི་སྒེར་གྱི་སྒོར་མོ་བཀོལ་ནས་ང་ཚོའི་འགྲན་ཞུགས་པར་སྐོམ་ཆུ་ཉོས་པ་མ་ཟད།  ད་དུང་སྐད་གསེང་མཐོན་པོས་ཤུགས་སྐྱེད་ཅིག  ཤུ་རེ་བྱོས་ལ་སོགས་པའི་ཁ་གཡང་བོས་པ་རེད།  ཡིན་ནའང༌། ང་ཚོས་ཁོ་མོའི་རེ་བ་སྟོང་ཟད་དུ་བཏང་ནས་ཤུགས་སྐྱེད་མ་ཐུབ་ལ་ཤུ་རེ་ཡང་བྱེད་མ་ཐུབ་པ་རེད།  
        དགེ་རྒན་ཚེ་ལོ་སྐྱིད་ཀྱིས་སྣང་ཚུལ་དེ་མཐོང་མ་ཐག   ང་ཚོར་སེམས་གསོའི་ཚུལ་གྱིས་སློབ་ཕྲུག་ཚོ།  སེམས་མ་སྡུག  ང་ཚོ་ལྔ་བཞི་འཛིན་གྲྭའི་འགྲན་ཟླ་མ་ཡོང་རུང༌།  དགེ་རྒན་གྱིས་ཁྱོད་ཚོ་མི་རེ་རེས་ཤུགས་སྐྱེད་པ་དང་ཤུ་རེ་བྱེད་ཀྱིན་པ་མཐོང་བྱུང༌།  དེ་ཡང་ང་ཚོའི་གཟི་བརྗིད་ཅིག་རེད་ཅེས་བཤད་བྱུང༌།  སྐད་ཆ་དེས་ནི་ང་ཚོ་འཛིན་གྲྭའི་སློབ་ཕྲུག་རེ་རེའི་སེམས་སུ་དྲོད་ཁོལ་རྒྱས་སུ་བཅུག་པ་མ་ཟད། དགེ་རྒན་ལ་དད་གུས་དང་དགའ་མོས། བཀུར་བསྟིའི་བློ་སེམས་རྒྱ་ཆེར་སྐྱེས་སུ་བཅུག་སོང༌།