དཔྱིད་ཀྱི་རང་སྒྲ།

རྩོམ་པ་པོ།:ཉང་ཚེ་གཟུངས་སྐྱབས། 2011-07-10
མཚོ་སྔོན་པོ་དྲ་བ།

 

དཔྱིད་ཀྱི་རང་སྒྲ།

                                         མཐོ་འབྲིང་གཉིས་པའི་འཛིན་གྲྭ་དང་བོ། ཉང་ཚེ་གཟུངས་སྐྱབས།

                               ཕྱི་ན་འབབ་པ་ནི་དཔྱིད་ཆར་ཟམ་ཟིམ་ཞིག་རེད།
                               བདག་སེམས་ཀྱི་ཁང་བཟང་དུ།
                               ཁུ་བྱུག་གི་མགྲིན་སྙན་བོར་བའི་སེམས་ཁུར་མོད་ལ།
                               མེ་ཏོག་གི་འདབ་མ་བདས་པའི་སྐྱོ་གདུང་ལྕི་ཡང་།
                               དེ་རིང་གི་འབབ་ཀྱིན་པའི་རེ་བཞག་གི་ཆར་ཐིགས་རེ་རེ།
                               བདག་ཉིད་ཀྱི་སྨོན་འདུན་ལ་བདེ་སྐྱིད་ཀྱི་དབྱངས་རྟ་བསྒོ་བའི་ལག་རྟགས་སམ་
                               སྔ་ལྟས་སུ་འབབ་ཀྱིན་འདུག
                               དེ་ལས་ཀྱང་།
                               མིའི་རིགས་ཀྱི་ཁ་དོག་དབེན་པའི་རྨི་ལམ་གྱི་ཞིང་ཁམས་ཏེ།
                               ས་ཆེན་ཨ་མའི་སེམས་ཁོང་དུ་དལ་གྱིས་འབབ་ཀྱིན་འདུག 
                               དེ་རིང་གི་དཔྱིད་ཆར་འདི།
                               རྐྱལ་སྟོང་སུ་ཞིག་གིས་བསྐྱུར་བའི་མཛའ་ན་མོའི་མིག་ཆུ་བཞིན་
                               ཤེས་མེད་ཚོར་མེད་ངང་འབབ་ཀྱིན་གདའ་ནའང་།
                               དེ་ནི་ཇི་འདྲའི་རླབས་ཆེའང་།
                               ལྟོས་དང་།
                               དཔྱིད་ཆར་གྱི་མིག་ཆུའི་ཁྲོད།
                               ཚེ་སྲོག་འཛུམ་གྱིན་འདུག
                               རེ་བ་འཚེར་གྱིན་འདུག