བྱམས་པ་ལེགས་ལྡན་གྱི་རྩོམ་ཡིག་ཁག་ཅིག

རྩོམ་པ་པོ།:བྱམས་པ་ལེགས་ལྡན། 2012-06-01
མཚོ་སྔོན་པོ་དྲ་བ།


རུས་མིང་། བྱམས་པ་ལེགས་ལྡན།
འཛིན་གྲྭ། མཐོ་གསུམ།
ཕ་ཡུལ། ཆབ་མདོ།

འགྱོད་སེམས།

ལྔ་རིག་མཚོ་མོ་འཕྱུར་བའི་ལྡིང་ཁང་ནས༎
ཉམས་ཆུང་སློབ་བུའི་སེམས་པ་ཕྱི་རུ་ཤོར༎
འུར་ཟིང་འདུ་འཛི་ཆེ་བའི་འཇིག་རྟེན་ནས༎
ཀླད་མེད་འགྱོད་སེམས་ཕྲེང་བ་སྙིང་དུ་སིམ༎

མཛུབ་ཁྲིད་བཤེས་གཉེན་དམ་པའི་བསླབ་བྱ་དང་༎
དྲིན་ཆེན་ཡབ་ཡུམ་ཟུང་གི་རེ་བ་གཉིས༎
མ་བསྐང་གཡེང་བ་བྱེད་པའི་ཉེས་སྤྱོད་དེས༎
འགྱོད་སེམས་རྨ་ཁ་སྟོང་ལ་ཟུག་གཟེར་བསླངས༎

ཐོག་མ་དྲི་ཟའི་ཚལ་ལ་འཁྲུལ་བ་ཡི༎
ཆ་མེད་འུར་ཟིང་རྒོད་པའི་ཕྱི་སྣོད་འདི༎
ལེ་ལོའི་སྲིན་མོ་རྒྱུ་བའི་མཚན་ཐུན་ཏེ༎
བྱམས་དང་སྙིང་རྗེ་སྐྱེས་པའི་སྨག་རུམ་ཡུལ༎

མདོར་ན་ཆ་འཕྲིན་རྩེན་པའི་སྤྱི་ཚོགས་འདི༎
འགྲན་རྩོད་རྒོད་པའི་དཔའ་བོའི་གཡུལ་ས་སྟེ༎
དེ་ལས་རྒྱལ་བར་འདོད་པའི་སྐྱེ་བོ་ལ༎
ཤེས་བྱའི་དམག་གི་དཔུང་དང་དྲག་ཆས་དགོས༎

དེ་བས་ཤེས་བྱ་པད་མའི་སྐྱེད་ཚལ་དུ༎
འཇུག་པའི་རང་མཉམ་སྐལ་ལྡན་སློབ་བུ་ཚོ༎
རྩེ་གཅིག་བསམ་གཏན་སྒྲིམ་སྟེ་སློབ་ལ་བརྩོན༎
མ་འོངས་དུས་ཀྱི་བདག་པོ་འུ་ཚོ་ཡིན༎