སེམས་ཀྱི་ན་ཟུག དཀོན་མཆོག་སྐྱིད།

རྩོམ་པ་པོ།:དཀོན་མཆོག་སྐྱིད། 2012-07-01
མཚོ་སྔོན་པོ་དྲ་བ།

 

རུས་མིང་། དཀོན་མཆོག་སྐྱིད།  
འཛིན་གྲྭ 2010ལོའི་བོད་ཡིག་འཛིན་གྲྭ
ཕ་ཡུལ། རེབ་གོང་།

སེམས་ཀྱི་ན་ཟུག

སེམས་པའི་འཁོར་ཕྱོགས་ཞིག་གི་རྒྱུན་ཐག་བསྲེངས་དུས
སྲ་མཁྲེགས་ཀྱི་གཤིས་རྒྱུད་ཇེ་བརྟན་དུ་ཕྱིན་འདུག
རྨོངས་དད་ཀྱི་ན་བུན་ཇེ་མཐུག་ཏུ་ཕྱིན་འདུག
ཨུ་ཚུགས་ཀྱི་ངང་རྒྱུད་ཇེ་རྩུབ་ཏུ་ཕྱིན་འདུག
རང་ཆེ་རང་མཐོ་ཡི་མགོ་བོ་གྱེན་དུ་འགྲེང་འདུག

ཨ་ཁ་ཁ
ང་ཚོ་གནས་སའི་ཁོར་ཡུག་ཏུ
སྤྲིན་ནག་གིས་བསྒྲིབས་འདུག
དར་འཁྱགས་ཀྱིས་བཏུམས་ཟིན
བསམ་བློའི་སྨྱུ་གུ་དབེན

དེ་བས
དཔྱིད་དཔལ་བུ་མོའི་འཛུམ་མདངས
ཁུ་བྱུག་སྔོན་མོའི་གསུང་སྙན
གངས་སེང་དཀར་མོའི་ང་རོ
ཆུང་ཆུང་ལུ་གུའི་འབའ་སྒྲས་ཆེད་དུ
རྫ་མགོ་སྨུག་པས་བཟུང་འདུག་མ་ཟེར          
མདུན་དུ་བསྐྱོད
སྤང་ལ་ན་བུན་ཐིབ་འདུག་མ་ཟེར           
 མདུན་དུ་བསྐྱོད
ནགས་ན་གཅན་གཟན་གནས་འདུག་མ་ཟེར
མདུན་དུ་བསྐྱོད
ང་ཚོས་མདུན་བསྐྱོད་ཀྱི་གོམ་སྒྲའི་རྒྱུན་མ་ཆད་ན
འཚར་སྡུག་འོད་སྟོང་འབར་བའི་འཚོ་བ་དེ་ཡང
ང་ཚོ་དང་ཁ་ཐག་རིང་ག་ལ་སྲིད

2012ལོའི་ཟླ2པའི་ཚེས3ཉིན།