བོད་ཀྱི་བརྡ་སྤྲོད་རིག་པ་སྦྱོང་བའི་དགོས་པ། སྤེན་པ་དོན་གྲུབ།

རྩོམ་པ་པོ།:སྤེན་པ་དོན་གྲུབ། 2012-09-15
མཚོ་སྔོན་པོ་དྲ་བ།

རུས་མིང་། སྤེན་པ་དོན་གྲུབ།
འཛིན་གྲྭ  2010ལོའི་ཡུལ་སྐོར་བཟོ་རྩལ་ཐང་ཁའི་ཆེད་ལས་འཛིན་གྲྭ།

བོད་ཀྱི་བརྡ་སྤྲོད་རིག་པ་སྦྱོང་བའི་དགོས་པ།

          རང་མི་རིགས་ཀྱི་ཆེས་རྨང་གཞིའི་ཤེས་བྱའམ་བཅུ་ཕྲག་རིག་གནས་ཀྱི་ཁོངས་སུ་གཏོགས་པའི་སྒྲ་རིག་པའི་སུམ་ཅུ་པའམ་རྟགས་འཇུག་གི་གཞུང་ནི་བོད་ཀྱི་རིག་གཞུང་ཀུན་ལ་སྤྱོད་སྒོ་ཆེ་བ་སུམ་རྟགས་དག་གསུམ་ཡིན།
          རྒྱ་གར་བའི་སྒྲ་རིག་པའི་ནང་གསེས་སྒྲ་ཀ་ལྭ་པ་དང་། ཙན་དྲ་པ། དབྱངས་ཅན་སྒྲ་མདོ། སློབ་དཔོན་ཙན་དྲ་གོ་མིས་བརྩམས་པ《སྒྲ་མདོ་ཙན་དྲ་པ》། གཞོན་ནུ་གདོང་དྲུག་གིས་བརྩམས་པ《སྒྲ་མདོ་ཀ་ལ་པ་》། ལྷ་མོ་དབྱངས་ཅན་མས་བརྩམས་པའི《སྒྲ་མདོ་དབྱངས་ཅན་མ་》སོགས་དེང་གི་དུས་འདིར་ཉུང་ཤས་ལས་སྦྱངས་པ་བྱེད་མཁན་མེད་ལ་ཐ་ན་སུམ་རྟགས་ཀྱང་མར་ངོའི་ཟླ་བཞིན་ཉམས།   སུམ་རྟགས་ལ་བསླབ་པར་འབད་ཚེ་ཙོམ་རིག་གི་ཞིང་ས་ན་ཆེས་མེད་ཐབས་མེད་པའི་ས་བོན་བཞིན། སྒྲ་དྲག་ཞན་དང་ཚིག་སྔ་ཕྱིའི་འབྲེལ་མཐུད་ཀྱི་ནུས་པ་སོགས་པར་མཁོ་བའི་རིག་གཞུང་ཞིག་ཡིན།
          ཉེ་བའི་ཆར།  སློབ་ཆུང་དང་སློབ་འབྲིང་། སློབ་ཆེན་སློབ་མའི་སྦྱངས་རྩོམ་དུས་དེབ་དག་ལ་གུས་པ་རང་ཉིད་ཀྱིས་དཔྱད་པ་ཅུང་ཟད་བྱས་ཚེ། སྤྱིར་བརྗོད་བྱའི་ནང་དོན་ཕུན་སུམ་ཚོགས་རུང༌། དུས་རྟག་ཏུ་སུམ་ཅུ་པའི་ཕྲད་ཀྱི་འཇུག་པའི་རྨང་གཞི་བརྟན་པོ་ཞིག་མེད་སྟབས། བྱེད་སྒྲ་དང་འབྲེལ་སྒྲ་དབྱེ་བ་འབྱེད་དཀའ་བའི་དབང་གིས་བྱེད་པ་པོས་བྱ་བ་བྱས་མེད་རུང་བྱེད་སྒྲའི་ཕྲད་སྦྱོར་བ་དང༌། སྔ་ཕྱི་འབྲེལ་བ་ཙམ་སྟོན་པ་ལ་བྱེད་སྒྲའི་ཕྲད་སྦྱོར་བ་དེ་བཞིན་སུམ་ཅུ་བའི་སློབ་ཁྲིད་སྐབས་ཀྱི་དཔེར་བརྗོད་དག་ལ་དང་ཐོག་མའི་དཔེར་བརྗོད་དག་ལས་གཞན་གྱི་དྲན་འཆར་དཀའ་སྟེ། དཔེར་ན། རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་དཔེར་བརྗོད་ལས་ཤར་ཕྱོགས་སུ་ཕྱིན་ལྟ་བུར།  སློབ་མའི་བློ་སྒོ་འབྱེད་མི་ཐུབ་པར་དགེ་རྒན་གྱིས་དཔེར་བརྗོད་བཟོ་རུ་བཅུག་དུས་སློབ་མ་འགའ་ཞིག་གིས། ཤར་ཕྱོགས་སུ་ཕྱིན་པ་ལས་གཞན་བསམ་པ་མི་འཁོར་བས་ཕྲན་དང་ཕྲན་འདྲ་བའི་བོད་ཀྱི་བརྡ་སྤོད་རིག་པ་ལ་བཙོན་པའི་ཐོས་བསགས་པ་རྣམས་ནས། བོད་ཀྱི་བརྡ་སྤྲོད་རིག་པ་དེ་སྣང་མེད་དུ་མ་བཏང་བར་བོད་སྐད་ཡིག་གི་ཀ་བ་ལྟ་བུར་ཚད་འཛིན་ནས་གངས་ལྷའི་ཟེའུ་འབྲུར་རྐང་དྲུག་འཁོར་བ་ཇི་བཞིན་འབད་བརྩོན་ཡོད་པར་མཁྱེན།།