རོལ་དབྱངས། བསམ་གཏན་དབང་མོ།

རྩོམ་པ་པོ།:བསམ་གཏན་དབང་མོ། 2012-09-15
མཚོ་སྔོན་པོ་དྲ་བ།

རུས་མིང་། བསམ་གཏན་དབང་མོ།
འཛིན་གྲྭ 2010ལོའི་རོལ་དབྱངས་འཛིན་གྲྭ1པོ།

རོལ་དབྱངས།

         རོལ་དབྱངས་ཞེས་པའི་ཚིག་འབྲུ་གཉིས་ཀྱི་སྟོབས་ཤུགས་ནི་སྐྱེ་བོ་ཀུན་ལ་ཁྱབ་ཅིང༌།  ཉམ་ཆུང་ངའི་དགའ་རོགས་དང་སྐྱོ་རོགས། དམར་ཆུང་སེམས་ཀྱི་ཡོད་ཚད་ཀྱི་ཡོད་ཚད་ཡིན།
         སྐྱིད་སྡུག་འདྲེས་མའི་མི་ཚེའི་འགྲོ་ལམ་ཐོག་རོལ་དབྱངས་ལས་མི་ཚེའི་རིན་ཐང་བསྟན་ཡོད་ལ།  སྤྱི་ཚོགས་ཀྱི་ངོ་རིགས་དམར་རྗེན་དུ་མཚོན་པའང་ཡོད།  ད་དུང་སྐྱོ་གདུང་གི་མཆི་མ་ཡང་མཆིས།   སྔོན་ནས་ཡུལ་འདི་ནི་གླུ་གར་གྱི་རྒྱ་མཚོ་ཞེས་གྲུ་ཚུགས་ས་སྟབས།  རོལ་དབྱངས་ཀྱི་སྒྱུ་རྩལ་རེ་རེ་ལས།  ང་ཚོ་གངས་ཅན་བོད་ཀྱི་བདེ་སྡུག་གི་དབྱངས་རྟ་ཡོད་ཅིང༌།  ཕ་མེས་ཡ་མེས་ཚོའི་རོལ་དབྱངས་ལ་དགའ་བའི་སེམས་ཁམས་ཡོད།  གུས་མོ་ནི་གསར་སྐྱེས་རོལ་དབྱངས་ཀྱི་ས་བོན་ཞིག་ཡིན།  རོལ་དབྱངས་ལ་དགའ་བ་བྱེད་མཁན་ཞིག་དང་རོལ་དབྱངས་ལས་ལང་ཚོའི་རིན་ཐང་འཚོལ་སྙེགས་བྱེད་མཁན་ཞིག་ཡིན།
         རོལ་དབྱངས།  ཁ་བའི་ཡུལ་ནས་ཞི་བདེའི་རོལ་དབྱངས་ཐོན།  ལྷན་འཛོམས་ཀྱི་ཉིན་མོར་རོལ་དབྱངས་ཀྱི་མཚོ་མོ་འཁྱིལ།  ནམ་ཞིག་ཁོ་མོས་རྒྱང་རིང་གི་ཁྱེད་ལ་རོལ་དབྱངས་ཚན་པ་ཞིག་ཁམས་བདེ་ཡི་མཚམས་འདྲིའི་ཚུལ་དུ་འབུལ་ངེས།