དགེ་བའི་བཤེས་གཉེན། སྲི་ཆོས་སྒྲོལ་དཀར།

རྩོམ་པ་པོ།: 2013-05-09

རུས་མིང་། སྲི་ཆོས་སྒྲོལ་དཀར།
འཛིན་གྲྭ  ལོ་རིམ་བརྒྱད་པའི་འཛིན་གྲྭ་བདུན་པ།

དགེ་བའི་བཤེས་གཉེན།

        འཛམ་གླིང་འདིའི་ཐོག་ཏུ་རང་གིས་གུས་པར་འོས་པའི་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང༌། དགེ་བའི་བཤེས་གཉེན་ལྟ་བུའི་རླབས་ཆེན་གྱི་མི་ཞིག་ག་ལ་ཡོད། གང་ལགས་ཤེ་ན། ང་ནི་མཛེས་སྡུག་གི་སློབ་གྲྭར་ཞུགས་པ་ནས་བཟུང་བཤེས་གཉེན་གྱི་སློབ་གསོའི་འོག་ཏུ་འཚར་ལོངས་བྱུང་བའི་བུ་ཕྲུག་ཅིག་ཡིན། བཤེས་གཉེན་ལགས། ཁྱེད་ཀྱིས་མི་སུ་དང་ཡང་མི་འདྲ་བར་ལྷད་མེད་ཀྱི་བསམ་པ་དང་བྱམས་བརྩེ་ཡི་འཛུམ་མདངས་འཁྱེར་ནས་འཇིག་རྟེན་ལ་ཤེས་རིག་གི་འོད་སྣང་སྦྱིན་བཞིན་ཡོད།
        དུས་དང་རྣམ་པ་ཀུན་དུ་གཞན་ཕན་ལྷག་བསམ་གྱི་དྲོད་ཁོལ་དང་བདེན་པའི་གནས་ལུགས་ཀྱི་ལམ་སྟོན་མཛད་མཁན་ནི་བཤེས་གཉེན་ལགས།  ཁྱེད་ཡོད་པས་རྨོངས་བའི་བུ་ཕྲུག་ལ་རླབས་ཆེན་དང་གཟི་བརྗིད་ཀྱི་ཕུགས་བསམ་བྱུང་བ་ཡིན།  བཤེས་གཉེན་ལགས། མུན་ནག་གི་འཇིག་རྟེན་ལ་འོད་སྣང་གི་ཉི་འོད་འདྲེན་མཁན་སུ་ཡིན།
        འཛམ་གླིང་འདི་ཡར་རྒྱས་དང་ཡ་རབས་ཅན་དུ་བསྒྱུར་མཁན་སུ་ཡིན། གཞན་དོན་ལ་རང་ཉིད་ཀྱི་ཚེ་སྲོག་ཕང་མེད་གཏོང་མཁན་སུ་ཡིན། དེ་ནི་ང་ཚོས་དུས་རྒྱུན་དུ་མཐོང་དང་མཐོང་བཞིན་པའི་ཉམ་ཆུང་གི་དགེ་བའི་བཤེས་གཉེན་རེད།
        བཤེས་གཉེན་ལགས། ཁྱེད་མེད་ན་འཇིག་རྟེན་མུན་ནག་ཡིན། བཤེས་གཉེན་ལགས། ཁྱེད་མེད་ན་མི་ཡུལ་ལ་དྲང་བདེན་མེད།  བཤེས་གཉེན་ལགས། ང་ཁྱེད་ལ་དགའ་ཞིང་ཁྱེད་ལ་དུངས།

སྲི་ཆོས་སྒྲོལ་དཀར་ནི་ཕ་ཡུལ་འདམ་གཞུང་རྫོང་སྙིང་གྲོང་ནས་ཡིན་ཞིང་། ད་ལྟ་རྫོང་སློབ་འབྲིང་དུ་བརྩོན་འགྲུས་ཀྱི་རྟ་ཕོ་ལ་ལྕག་གིས་བསྐུལ་ནས་སློབ་གཉེར་ལ་བརྩོན་བཞིན་ཡོད། ཁོ་མོ་ནི་མ་འོངས་པར་ཆེས་ཕུལ་ཏུ་བྱུང་བའི་དགེ་རྒན་ཞིག་བྱེད་འདོད་ཀྱི་འདུན་པ་ཤུགས་ཆེན་ཡོད་ལ། ད་ལྟའི་སློབ་སྦྱོང་གི་འབྲས་བུའང་ལོ་རིམ་རིམ་པའི་མདུན་གྲས་སུ་སླེབས་ཡོད།