ཨ་མ་དྲན་གླུ། སྒྲོལ་མ།

རྩོམ་པ་པོ།: 2013-05-09

རུས་མིང་། སྒྲོལ་མ།
འཛིན་གྲྭ  ལོ་རིམ་བརྒྱད་པའི་འཛིན་གྲྭ་བཅུ་གཅིག

ཨ་མ་དྲན་གླུ།

གྲང་རླུང་ལྡང་ཐེངས་རེ་ལ། །
བྱམས་བརྩེའི་ཨ་མ་དྲན་བྱུང༌། །
གྲང་རླུང་བསིལ་ལྡན་རླུང་བུ། །
ཨ་མའི་མངག་བྱ་ཨེ་ཡིན། །
 

བྱིའུ་སྐད་གྲགས་ཐེངས་རེ་ལ། །
རྒྱང་རིང་ཨ་མ་དྲན་བྱུང༌། །
གསུང་སྐད་གླུ་དབྱངས་སྙན་མོ། །
ཨ་མའི་གསུངས་སྐད་ཨེ་ཡིན། །


བྱིའུ་སྐད་གྲགས་ཐེངས་རེ་ལ། །
རྒྱང་རིང་ཨ་མ་དྲན་བྱུང༌། །
གསུང་སྐད་གླུ་དབྱངས་སྙན་མོ། །
ཨ་མའི་གསུངས་སྐད་ཨེ་ཡིན། །


ཆར་པ་འབབ་ཐེངས་རེ་ལ། །
དྲིན་ཆེན་ཨ་མ་དྲན་བྱུང༌། །
ཆར་སིལ་ཐིགས་པ་མངར་མོ། །
ཨ་མའི་མིག་ཆུ་ཨེ་ཡིན། །


ཁ་བ་འབབ་ཐེངས་རེ་ལ། །
དྲིན་ཅན་ཨ་མ་དྲན་བྱུང༌། །
དགུན་གྱི་ཁ་བ་དཀར་པོ། །
ཨ་མའི་སེམས་པ་ཨེ་ཡིན། །


ཆུ་བོ་རྒྱུག་ཐེངས་རེ་ལ། །
བརྩེ་བའི་ཨ་མ་དྲན་བྱུང༌། །
ཆུ་བོའི་སྒྲ་དབྱངས་སྙན་མོ། །
ཨ་མའི་བསླབ་བྱ་ཨེ་ཡིན། །


ཉིན་མ་ཤར་ཐེངས་རེ་ལ། །
དྲིན་ཆེན་ཨ་མ་དྲན་བྱུང༌། །
དཀར་འོད་དྲོད་འཇམ་ཉི་མ། །
ཨ་མའི་བྱམས་བརྩེ་ཨེ་ཡིན། །
 

ཟླ་བ་ཤར་ཐེངས་རེ་ལ། །
དྲིན་ཆེན་ཨ་མ་དྲན་བྱུང༌། །
དུང་གི་ཟླ་བ་དཀར་པོ། །
ཨ་མའི་ཞལ་རས་ཨེ་ཡིན། །


སྐར་མ་ཤར་ཐེངས་རེ་ལ། །
བརྩེ་བའི་ཨ་མ་དྲན་བྱུང༌། །
དགུང་གི་སྐར་ཚོགས་ཁྲ་རིལ།
ཨ་མའི་སྤྱན་ཟུང་ཨེ་ཡིན། །

སྒྲོལ་མ་ནི་ཕ་ཡུལ་འདམ་གཞུང་རྫོང་དབུ་མ་ཀོ་གཉེར་གྲོང་ཚོ་ནས་ཡིན་པ་དང་། ཆུང་དུས་ནས་གཞས་གཏོང་བར་དགའ་པོ་ཡོད་པར་མ་ཟད། སློབ་སྦྱོང་གི་ཞོར་དུ་རྩོམ་ཡིག་འབྲི་རྒྱུ་དེ་བས་ཀྱང་དགའ་པོ་ཡོད། ཁོ་མོའི་ཕུགས་བསམ་ནི་རང་གིས་གཞས་ཚིག་རང་གིས་བཏང་འདོད་པ་དང་། ཕ་ཡུལ་མི་དམངས་ཀྱི་སྙན་དབང་གསོ་བའི་ཕུལ་བྱུང་གཞས་མ་ཞིག་བྱེད་འདོད།