གདོང་དམར་བོད་པའི་རྒྱན། གཡུང་དྲུང་ལྷུན་གྲུབ།

རྩོམ་པ་པོ།: 2013-05-09

རུས་མིང་། གཡུང་དྲུང་ལྷུན་གྲུབ།

གདོང་དམར་བོད་པའི་རྒྱན།

ཉི་ཟླ་སྐར་གསུམ་དགུང་གི་རྒྱན་ཆ་རེད།།
རྟ་ནོར་ལུག་གསུམ་སྤང་གི་རྒྱན་ཆ་རེད།།
རྩྭ་དང་རྩི་ཤིང་ཡུལ་གྱི་མཛེས་རྒྱན་རེད།།
གདོང་དམར་རྒྱན་ཆ་དབྱངས་གསལ་སོ་བཞི་རེད།།


ཕ་སྤྲེལ་བྱང་ཆུབ་གདོང་དམར་བོད་པ་རེད།།
མེས་དབོན་རྣམ་གསུམ་བོད་པའི་ཡབ་མེས་རེད།།
ཆོལ་ཁ་གསུམ་པོ་དེ་ཡི་བུ་ཕྲུག་རེད།།
སྟོབས་ཆེན་ཉམས་ལྡན་གདོང་དམར་རྒྱན་ཆ་རེད།།


སློབ་དཔོན་ཐོན་མི་བོད་མིའི་མུན་སེལ་རེད།།
བོད་ཀྱི་སྐད་ཡིག་བོད་པའི་བླ་སྲོག་རེད།།
བོད་པའི་བུ་ཕྲུག་དེ་ཡི་བདག་པོ་རེད།།
དེ་རྣམས་གདོང་དམར་པ་ཡི་རྒྱན་ཆ་རེད།།

 

གངས་རི་དཀར་པོ་བོད་མིའི་གནས་ཡུལ་རེད།།
ཁ་བཏགས་དཀར་པོ་བོད་མིའི་སེམས་པ་རེད།།
དཀར་འཇམ་འོ་མ་བོད་མིའི་རང་གཤིས་རེད།།
དེ་རྣམས་གདོང་དམར་པ་ཡི་རྒྱན་ཆ་རེད།།

གཡུང་དྲུང་ལྷུན་གྲུབ་ཀྱི་སྨྱུག་མིང་ལ་ཐང་ལྷའི་ཁོན་སྲས་ཟེར། ཕ་ཡུལ་སྙིང་གྲོང་ནས་ཡིན། རྩོམ་ཡིག་འབྲི་རྒྱུ་དང་གླུ་གཞས་ལ་ཤིན་ཏུ་མོས། ལོ་འདིའི་མཐར་ཕྱིན་སློབ་མ་ཡིན་པས་སློབ་སྦྱོང་ལ་བྲེལ་བ་ཤིན་ཏུ་ཆེ་བ་དང་། རྗེས་མ་སྤྱི་ཚོགས་ཀྱི་བརྙན་རིས་གསལ་བའི་རྩོམ་ཡིག་མང་དུ་འབྲི་རྒྱུ་ཡིན།