འདམ་གཞུང་རྫོང་སློབ་འབྲིང་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།: 2013-05-09


འདམ་གཞུང་རྫོང་སློབ་འབྲིང་།

        འདམ་གཞུང་རྫོང་ནི་ལྷ་ས་གྲོང་ཁྱེར་གྱི་བྱང་ཕྱོགས་སུ་ཡོད་ཅིང༌། ངག་རྒྱུན་དུ“བོད་བྱང་ཐང་གི་མུ་ཏིག”དང“ལྷ་སའི་བྱང་སྒོ་ཆེན་མོ”སོགས་ཀྱི་མཚན་སྙན་ཡོད་པར་མ་ཟད། ལྷ་ས་གྲོང་ཁྱེར་ཁོངས་གཏོགས་ཀྱི་འབྲོག་ལས་གཅིག་པུ་གཉེར་བའི་རྫོང་ཞིག་ཀྱང་ཡིན། རྫོང་ཡོངས་ཀྱི་ས་བབས་མཐོ་ཚད་ལ་སྨི4300ཡོད་ལ། རྫོང་ཁོངས་སུ་སྲིད་པའི་གངས་རྒན་རི་བོ་གཉན་ཆེན་ཐང་ལྷ་དང༌། གནམ་མཚོ་ཕྱུག་མོ། ཡངས་པ་ཅན་ཆུ་ཚན་སོགས་རང་བྱུང་གི་སྣོད་བཅུད་བཀོད་པ་ཤིན་ཏུ་ལེགས།


འདམ་གཞུང་རྫོང་སློབ་འབྲིང་གི་ཚོད་ལྟའི་ཕྱོགས་བསྡུས་ཐོག་ཁང་།

        འདམ་གཞུང་རྫོང་སློབ་འབྲིང་ནི་སྤྱི་ལོ1986ལོར་བཙུགས་ཤིང༌། སློབ་གྲྭ་འདིའི་གཞི་རྩའི་འཛུགས་སྐྲུན་དང་སློབ་གསོའི་ཆ་རྐྱེན་ནི་དམའ་རིམ་སློབ་འབྲིང་ཡིན། སློབ་གྲྭ་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ120000ཡོད་པ་དང༌། འཛུགས་བསྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ29642.96ཡོད། དགེ་བཟོ་པ་ཁྱོན་བསྡོམས167དང༌། ཆེད་ལས་དགེ་རྒན137ཡོད། སློབ་ཡུན་ལོ་ཚད100%ཟིན་ཡོད་པས། སྤྱིའི་ཆ་ནས་སློབ་ཡུན་གྱི་ཚད་མཐོ་ཞིང༌ལོ་གཞོན་ཅན་གྱི་ཁྱད་ཆོས་ལྡན། ལོ་རིམ་རེ་རེར་འཛིན་གྲྭ12ཡོད་པ་དང་ཁྱོན་འཛིན་གྲྭ36དང༌། སློབ་མ1978ཡོད། 2004ལོར་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ཀྱི“ལོ་དགུའི་འོས་འགན་སློབ་གསོ”རྩིས་ལེན་ཐུབ་ནས་ལྗོངས་ཡོངས་ཀྱི་འབྲོག་ལས་རྫོང་ནང་ནི་སློབ་གྲྭ་ཐོག་མར་གྱུར་བ་དང༌། 2010ལོར་རྒྱལ་ཁབ་སློབ་གསོ་པུའུ་ཡིས“ལོ་དགུའི་འོས་འགན་སློབ་གསོ”རྩིས་བཤེར་ཐུབ་པ་བྱུང༌།


འདམ་གཞུང་རྫོང་སློབ་འབྲིང་གི་རྩལ་སྦྱོང་ར་བ།