ཕ་ཡུལ་ལ་བསྟོད་པ། ཀླུ་མོ་མཚོ།

རྩོམ་པ་པོ།: 2013-05-10

རུས་མིང་། ཀླུ་མོ་མཚོ།
འཛིན་གྲྭ དམའ་གསུམ་འཛིན་བདུན།

ཕ་ཡུལ་ལ་བསྟོད་པ།

མཐོ་གངས་རིས་བསྐོར་བའི་བོད་ཡུལ་དུ།།
སྐྲའི་ཁ་དོག་འགྱུར་བའི་རྒན་པོ་ཡིས།།
ཁ་མི་དལ་མ་ཎི་དབྱངས་སུ་གྱེར།།
རྣས་ཐོས་པ་ཙམ་གྱིས་དད་པ་སྐྱེས།།

མཚོ་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་སུ།།
ཕྱུགས་གཡང་ར་སྒོ་བཞིས་གང་སར་ཁྱབ།།
གཞོན་རྫི་བོའི་གླུ་སྐད་ལྷང་སེ་ལྷང་།།
རྣས་ཐོས་པ་ཙམ་གྱིས་ཉམས་རེ་དགའ།།

སྦྲ་མཐིང་སྨྲིག་གྲུ་བཞིའི་ནང་རོལ་ན།།
སྨན་བུ་མོས་དགོ་དགོ་དབྱངས་སུ་གྱེར།།
དཀར་འོ་མས་དུང་གི་རྒྱ་མཚོ་འཁྱིལ།།
མིག་བལྟས་པ་ཙམ་གྱིས་ཡིད་སེམས་འགུག།

སྔོ་རྩྭ་ཐང་ཡངས་པོའི་ཕང་བ་རུ།།
ལོ་ན་ཚོད་ཆུང་བའི་བྱིས་པ་རྣམས།།
ཉམས་དགའ་བའི་མཆོང་ལྡིང་རྩེད་མོར་རོལ།།
མིག་བལྟས་པ་ཙམ་གྱིས་བག་རེ་བྲོ།།

དགུང་ཨ་སྔོན་འདྲ་བའི་ཕ་ཡུལ་ན།།
ནང་ཕུ་ནུ་མཐུན་ཞིང་བདེ་བར་འཚོ།།
ཕྱུགས་གཡང་ར་སྒོ་བཞི་དར་ཞིང་འཕེལ།།
ངའི་ཕ་ཡུལ་སྐྱིད་པའི་གཞི་མར་གྱུར།།