སློབ་གྲོགས་ཚོ། ཁྱོད་ཚོ་ངའི་སེམས་ན་གནས། འཇམ་དབྱངས་དོན་གྲུབ།

རྩོམ་པ་པོ།: 2013-05-10

རུས་མིང་། འཇམ་དབྱངས་དོན་གྲུབ།
འཛིན་གྲྭ   དམའ་གསུམ་འཛིན་བདུན།

སློབ་གྲོགས་ཚོ། ཁྱོད་ཚོ་ངའི་སེམས་ན་གནས།

སློབ་ཁྲིད་ཐོག་ཁང་དུ།
ཁ་མཚར་དང་རྩེད་མཚར་ལ་དུང་ཞེན་དང་མོས་འདུན་ཟབ་པའི་ཤན་ཤུགས་དེས་དབང་གིས།
སློབ་ཁང་དུ་དགོད་སྒྲ་ཡིས་ཁེངས་པའི་ང་ཚོ་འཛིན་གྲྭའི་སློབ་གྲོགས་ཚོ།
མཐུན་སྒྲིལ་དང་བརྩེ་སེམས་ཀྱི་ལག་རྡང་གཅིག་ཏུ་སྦྲེལ་ཞིང་།
ཐུན་མོང་ལ་དགའ་ཞིང་ཐུན་མོང་ལ་བྱམས་པའི་ཡ་ཆུང་ལྷད་མེད་སེམས་པའི་ངོས་ན་གསལ་བའི་ང་ཚོ་འཛིན་གྲྭའི་སློབ་གྲོགས་ཚོ།
མ་འོངས་པའི་ཕུགས་འདུན་དང་རེ་འདུན་གཅིག་བཅངས་ནས།
ཤེས་རིག་གི་དེད་དཔོན་གཅིག་ལ་བརྟེན་ནས་ཤེས་བྱའི་ཐང་ཆེན་ལ་གོམ་ཁ་ཕྱོགས། ང་ཚོ་འཛིན་གྲྭའི་སློབ་གྲོགས་ཚོ།
འུ་ཅག་གི་ཡོང་ཁུངས་མི་གཅིག་རྫ་ལུང་དང་རི་ལུང་།
འཚོ་རྟེན་མི་གཅིག་ཞིང་ལས་དང་ཕྱུགས་ལས་ཡིན་རུང་།
སྔོན་གྱི་ཚོགས་བསགས་དང་ལས་ཀྱི་དབང་གིས་ཤེས་རིག་གི་སློབ་གླིང་གཅིག་ལ་འཛོམས་ནས།
ཕུགས་འདུན་དང་རེ་འདུན་གཅིག་ལ་བསྙེགས་ནས་འཛོམས་གྱེས་གང་འདྲ་ཞིག་བྱུང་རུང་།
ངས་ཁྱོད་ཚོ་བརྗེད་མི་སྲིད། ཁྱོད་ཚོ་ནམ་ཡང་ངའི་སེམས་ཁོངས་ན་གནས་ཡོད།
ཤོག་བྱང་དང་རྒྱུགས་བྱང་འགའ་ཡི་ཚད་འཇལ་གྱི་ཁྲོད།
འུ་ཅག་ཇི་ལྟར་གནས་ཀྱང་ང་ཚོའི་བརྩེ་སེམས་ནི་འགྱུར་མི་སྲིད།
སློབ་གྲོགས་ཚོ་ཁྱོད་ཚོ་ནི་ངའི་ཡ་ཆུང་གངས་དཀར་སེམས་ན་གནས་ཡོད།
དུས་དང་གཏན་དུ་གནས་སྲིད།