དགའ་སྐྱོ། ཚེ་རིང་བསོད་ནམས།

རྩོམ་པ་པོ།: 2013-05-10

རུས་མིང་། ཚེ་རིང་བསོད་ནམས།
འཛིན་གྲྭ  དམའ་གསུམ་འཛིན་བདུན།

དགའ་སྐྱོ།

ཕ་མེད་དྭ་ཕྲུག་ཡིན་པས་སྐྱོ་བ་ལ།།            
མ་ལོའི་བྱམས་བརྩེ་ཐོབ་པས་དགའ་བ་ལ།།
ནུས་མེད་དབང་རྟུལ་ཡིན་པས་སྐྱོ་བ་ལ།།
ཤེས་བྱའི་གླིང་ཀ་འགྲིམ་པས་དགའ་བ་ལ།།

སྐད་རིགས་བསྲེས་མ་བཤད་པས་སྐྱོ་བ་ལ།།
བརྡ་སྤྲོད་གཞུང་ལུགས་མང་བས་དགའ་བ་ལ།།
མི་རིགས་ཞབས་འདྲེན་མང་བས་སྐྱོ་བ་ལ།།
མཁས་དབང་དམ་པ་འཁྲུངས་པས་དགའ་བ་ལ།།

བོད་རིགས་རྗེས་ལུས་ཡིན་པས་སྐྱོ་བ་ལ།།
གཞན་ལ་བྱམས་བརྩེ་ལྡན་པས་དགའ་བ་ལ།།
བླ་སྤྲུལ་རྫུན་མ་མང་བས་སྐྱོ་བ་ལ།།
བོད་འབངས་ཆོས་ལ་དགའ་བས་སྐྱིད་པ་ལ།།