ཕ་བཟང་གི་བུ། རྟ་མགྲིན་རྒྱལ།

རྩོམ་པ་པོ།: 2013-05-10

རུས་མིང་། རྟ་མགྲིན་རྒྱལ།
འཛིན་གྲྭ དམའ་གསུམ་འཛིན་བདུན།

ཕ་བཟང་གི་བུ།

རང་སྐད་དར་སྤེལ་གཏོང་བའི་ཕ་བཟང་གི་བུ།།           
མཐུན་སྒྲིལ་ལག་ཟུང་སྦྲེལ་བའི་ཕ་བཟང་གི་བུ།།
བཙན་པོ་ཐབས་ཀྱིས་འདུལ་བའི་ཕ་བཟང་གི་བུ།།
གཉོམ་ཆུང་བྱམས་ཀྱིས་སྐྱོང་བའི་ཕ་བཟང་གི་བུ།།

བྱང་ཆུབ་སེམས་དང་ལྡན་པའི་ཕ་བཟང་གི་བུ།།
སྤྱོད་བཟང་ལྷུན་གྱིས་གྲུབ་པའི་ཕ་བཟང་གི་བུ།།
ཕ་མ་བྱམས་ཀྱིས་སྐྱོང་བའི་ཕ་བཟང་གི་བུ།།
རང་རིགས་ཕྱོགས་ལ་ཞེན་པའི་ཕ་བཟང་གི་བུ།།

དམ་པར་བཀུར་བསྟི་བྱེད་པའི་ཕ་བཟང་གི་བུ།།
ཤེས་བྱའི་གནས་ལ་འབད་པའི་ཕ་བཟང་གི་བུ།།
གདོང་དམར་ལ་རྒྱ་འཛིན་པའི་ཕ་བཟང་གི་བུ།།
ཁྱོད་ནི་ཕ་བཟང་སེམས་དཔའི་གཟི་བརྗིད་དེ་ཡིན།།