ཕ་མ་ལགས། མེ་ཏོག་སྐྱིད།

རྩོམ་པ་པོ།: 2013-05-10

རུས་མིང་། མེ་ཏོག་སྐྱིད།
འཛིན་གྲྭ དམའ་གསུམ་འཛིན་བདུན།

ཕ་མ་ལགས།

        ཕ་མ་ལགས། ཁྱེད་ཀྱིས་དར་ཚོན་སྣ་ལྔའི་དར་ལྕོག་རླུང་གིས་བསྐྱོད་བཞིན་པའི་རི་འདབས་ནས། དགུན་གསུམ་གྱི་གྲང་ངར་དང་དབྱར་གསུམ་གྱི་ཆར་ཆུ་ཇི་འདྲ་ཆེ་ནའང་། ཁྱེད་གཉིས་ཀྱིས་འུ་ཚང་གི་སྦྲ་ནག་གྲུ་བཞིའི་ཕ་ཁྱིམ་འདི་ལ་ཡིད་འོང་གི་དྲོད་ཁོལ་བསྩལ།
        ཕ་མ་ལགས། ཁྱེད་ཀྱི་གཡང་དཀར་ལུག་གི་རྗེས་ནས་བཀྲེས་ལྟོགས་ཅི་འདྲ་མྱང་ནའང་ནམ་ཡང་གདོང་ལ་འཛུམ་གྱིས་བསུས་ཏེ་བུ་མོ་ང་ལ་རིག་གནས་སློབ་པའི་གོ་སྐབས་ལེགས་པོ་བསྐྲུན་པ་དང་། ཟས་ཞིམ་པོ་ཁམ་གང་ཙམ་ཡང་ནུ་མོ་ངེད་གཉིས་ལ་བྱིན།
        ཕ་མ་ལགས། ཁྱེད་གཉིས་ཀྱི་སྡུག་བསྔལ་ཡིད་ལ་དྲན་ཐེངས་རེར། ང་ཡུལ་ལ་ལོག་འདོད་ཀྱི་བསམ་པ་ཡོད་ནའང་། ནུ་མོ་ངེད་གཉིས་ལ་བཅིངས་བའི་རེ་བ་དེ་བསམ་ན་སློབ་ལ་བརྩོན་སེམས་ཀྱི་ངར་ཤུགས་དབང་མེད་དུ་སྐྱེས།
        ཕ་མ་ཟུང་། བདེ་བར་གྱིས། ཁྱེད་གཉིས་ཀྱི་རེ་བའི་ལྗོན་པར་དོན་གྲུབ་ཀྱི་འབྲས་བཟང་སྨིན་པར་རྒྱང་མི་རིང་བས། བདེ་བར་གྱིས།