མགྱོགས་བྲིས་ཁག་བཞི། པདྨ་དབང་གྲགས།

རྩོམ་པ་པོ།: 2013-05-10

རུས་མིང་། པདྨ་དབང་གྲགས།
འཛིན་གྲྭ དམའ་གསུམ་འཛིན་བདུན།

མགྱོགས་བྲིས་ཁག་བཞི།

      ཕ་མ།
འཚོ་བ་ཕྱུགས་ཟོག་ལ་བཅོལ་ཞིང་།།
མི་ཚེ་ཕྱུགས་རྗེས་ནས་ཚར་བ།།
རེ་བ་བུ་ཕྲུག་ལ་བཅོལ་བའི།།
འཇིག་རྟེན་བྱམས་ལྡན་གྱི་ཕ་མ།།

      སློབ་གླིང་།
ཤེས་བྱའི་མེ་ཏོག་གི་ལྡུམ་རར།།
བློ་ལྡན་བུང་ཚོགས་རྣམས་འཁོར་ས།།
སྤྱི་ཕན་རིག་བཟང་ནི་སྐྱོང་སའི།།
རླབས་ཆེན་ཤེས་རིག་གི་སློབ་གླིང་།།

      དགེ་རྒན།
རྨོངས་བའི་རིག་བརྡབ་ཀྱི་ཚོགས་རྣམས།།
རྨོངས་མུན་དྲ་བ་ལས་སྐྱོབ་ཅིང་།།
ཤེས་རིག་ཐང་ཆེན་ལ་འདྲེན་པའི།།
སློབ་རའི་དྲིན་ཆེན་གྱི་དགེ་རྒན།།

      སློབ་མ།
རྫ་ལུང་རི་ལུང་ནས་ཐོན་ཏེ།།
ཤེས་རིག་དེད་དཔོན་ལ་བསྟེན་ཞིང་།།
གོམ་ཁ་རྒྱལ་ཁམས་ལ་ཕྱོགས་པའི།།
ཚོགས་བསགས་སྐལ་བཟང་གི་སློབ་མ།།