ཡུལ་མི་ཚོ། བཀྲ་ཤིས་རྡོ་རྗེ།

རྩོམ་པ་པོ།: 2013-05-10

རུས་མིང་། བཀྲ་ཤིས་རྡོ་རྗེ།
འཛིན་གྲྭ དམའ་གསུམ་འཛིན་བདུན།

ཡུལ་མི་ཚོ།

ཕ་ཡུལ་ན་དྲག་རླུང་དང་ཁ་བ་ཡི་གདུག་རྩུབ་རྒོད་ཅིང་།
ལས་བྱས་སྐུལ་བའི་གནག་ཕྱུགས་ཀྱི་བདག་པོ་ཚོ།
ད་དུང་། ཀྱག་ཀྱོག་གི་རྐང་ལམ་འདི་འཕྲེད་ཀྱིས་བཅད་དེ།
གཡང་དཀར་ལུག་གི་འབའ་སྒྲ་དང་།
ཐུལ་དཀར་འབྲི་མོའི་ངུར་སྒྲ་དང་ལྷན་དུ།
དགའ་སྡུག་གང་མང་ཞིག་གི་གླུ་གཞས་ངག་ནས་གྱེར་དུས།
སྐབས་རེར་དགའ་སྤྲོའི་དགོད་སྒྲ་རླབས་ལས་དྲག་ལ།
ལན་རེར་སྨྲེང་བའི་མཆི་མ་ཆར་ལས་མོད།
གང་ལྟར། ངའི་ཡུལ་མི་ཚོ།
དམ་ལ་བཏགས་འདྲའི་ལུས་པོ་ཆུང་ཆུང་།
གངས་འདབས་ན་ད་དུང་ཁུ་སུམ་མེར།
ལོ་ཟླའི་འཁོར་སྐྱོད་དང་ལྷན་དུ།
སྦྲ་ནག་གི་གོང་ཁ་ཆར་གྱིས་རལ་ཞིང་།
བལ་དཀར་གྱི་འུར་ཆ་རྡོ་ཡིས་ཟད།
ངའི་ཡུལ་མི་ཚོ།
ད་དུང་དུས་ཡུན་རིང་བོ་ཞིག་འགོར་བའང་མ་ཤེས་པར།
སྔར་བཞིན་ཁུ་སུམ་མེར།
ངས་སེམས་ཀྱི་ན་ཟུག་འདི་ཁྱོད་ཚོར་མི་གསང་།
དེང་ཐོག
ང་རང་ཁྱོད་ཚོ་དང་ཕྲད་ཚེ།
བཤད་མི་ཚར་བའི་སྙིང་གཏམ་གང་མང་ཞིག་ཀྱང་ཡོད།