མི་ཚེའི་བགྲོད་ལམ། པདྨ་མཚོ་སྐྱིད།

རྩོམ་པ་པོ།: 2013-10-13
རུས་མིང་། པདྨ་མཚོ་སྐྱིད།
འཛིན་གྲྭ མཐོ་གཉིས་འཛིན་གསུམ།
        དུས་རབས་ཉེར་གཅིག་པ་ནི་རིག་གནས་ཤེས་བྱ་དར་ཁྱབ་ཤིན་ཏུ་ཆེ་བའི་དུས་རབས་ཤིག་ཡིན་པས། སྐྱེ་བོ་ཀུན་གྱིས་ཀྱང་རིག་གནས་ཤེས་བྱར་གཙིགས་ཆེན་བྱས་ཏེ་རང་ཉིད་ཀྱི་ལ་རྒྱ་དང་མ་འོངས་བའི་མདུན་ལམ་ལ་སྙེག་བཞིན་གདའ།
        རིག་གནས་ནི་ང་ཚོའི་སེམས་ཁོང་གི་ནོར་བུ་དང་བློ་རིག་གི་སྒོ་མོ་འབྱེད་ས་ཡིན། རིག་གནས་ནི་ང་ཚོ་མུན་ནག་གི་འཇིག་རྟེན་ནས་འོད་ཟེར་སྟོང་ལྡན་གྱི་ལམ་ཆེན་དུ་ཁྲིད་མཁན་ཀྱང་ཡིན། དེ་བས་ང་ཚོས་མ་འོངས་བའི་མདུན་ལ་རེ་སྙེག་བྱེད་ཆོག་ལ་མ་འོངས་མདུན་ལམ་ལ་ཚོད་དཔག་ཀྱང་བྱེད་ངེས་ཡིན།
        ཤེས་བྱ། ཁྱེད་ནི་གོ་ལ་ཟླུམ་པོ་འདིའི་ཡང་རྩེ་ན་བར་མེད་དུ་རྒྱུ་བའི་ནོར་བུ་ཡིན་ལ། མི་རིགས་འདིའི་སེམས་ཁོང་གི་སྙིང་ནོར་ཀྱང་ཡིན་ཆོག རང་ཉིད་ལ་ཡིད་ཚིམ་པའི་ལ་རྒྱ་དང་བརྗོད་འདོད་པའི་སྐད་ངག་ཅིག་ཡོད་འདོད་ན། ང་ཚོས་ད་ནས་བཟུང་བློ་ཐག་རྦད་ཆོད་དང་བརྩོན་པ་ཆུ་བོའི་རྒྱུན་ལ་བརྟེན་དགོས་པ་ནི་ཆེས་གཞི་རྩའི་དོན་ཞིག་རེད་ཨང་།
        ཤེས་རིག་འོད་སྟོང་འབར་བའི་སློབ་གླིང་ཁྲོད་ཀྱི་བཅུ་ཕྲག་རིག་གནས་ཀྱི་འགྲོས་དང་བསྟུན་ནས་རྒྱུ་བཞིན་པའི་སློབ་བུ་ཚོ་ལ་མཚོན་ནའང་། ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་རང་ཉིད་ཀྱིས་བཞག་པའི་འཆར་གཞི་ལེགས་འགྲུབ་བྱས་ནས་རང་ཉིད་ལ་རེ་བ་ནན་མོ་ཞིག་བཅངས་ཡོད་པ་དང་། ཡིན་ནའང་། འགའ་ཤས་ཤིག་གིས་གནས་སྐབས་ཀྱི་བདེ་སྐྱིད་བསམས་ཏེ་རིག་པའི་གནས་ལ་མི་འབད་པར། དུས་རྒྱུན་དུ་རང་ཉིད་ཀྱི་རེ་འདུན་ཉག་གཅིག་པུ་དེ་དྲ་ཁང་དང་ཆང་ཁང་ལ་སོགས་པར་སོང་ནས་ཉི་མ་འཁྱོལ་ཐབས་བྱས་ནས་བསྡད་ཡོད་པ་ནི་གང་མང་མང་ཡིན།
        རེད་ཡ། ང་ཚོས་ཀྱང་རང་གི་རྣ་བའི་རྒྱུ་ལམ་དང་མིག་གི་མཐོང་ལམ་ཀྱི་ཁྲོད་ནས་ཤེས་གསལ་ལྟར་གནས་སྐབས་ཀྱི་བདེ་སྐྱིད་ལ་ཞེན་ཆགས་ཡོད་པས་མི་དེ་ལ་རང་ཉིད་ཀྱི་སྙིང་ཁོང་རུས་པའི་གཏིང་ནས་ཕུགས་བསམ་ཟབ་མོ་ཞིག་མེད་པར་མ་ཟད། དེ་དག་མ་འོངས་བར་བརྒྱུད་པའི་ལམ་བུ་དང་འཚོ་བའི་ཁྲོད་ནས་འོད་སྟོང་འབར་བའི་མདུན་ལམ་ཡག་པོ་ཞིག་ཡོད་མི་སྲིད། དེ་མིན། གྲང་རེག་དང་དཀའ་སྡུག་ལ་མི་འཛེམ་པར་བརྩོན་པ་དང་རང་ཉིད་ཀྱི་ཤེས་རྟོགས་ལ་བསྟེན་པའི་མི་ཞིག་གི་མི་ཚེ་ནི་བཀྲག་མདངས་ལྡན་ལ་འོད་སྟོང་ལྡན་ངེས་ཡིན།
        རེད་ཡ། ནམ་ཞིག་ང་ཚོས་ཀྱང་རང་ཉིད་ཀྱི་སེམས་ཁོང་གི་དོགས་པ་དེ་དག་སེལ་བར་བྱས་ཏེ་སྔར་སོང་མ་མྱོང་བའི་ལམ་ཆེན་དེ་ལ་བསྐྱོད་ཐུབ་བམ།
མཛུབ་སྟོན་དགེ་རྒན། གུ་རུ་དོན་གྲུབ།