གཅན་ཚའི་རི་ཆུ། འཕགས་མོ་རྡོ་རྗེ།

རྩོམ་པ་པོ།: 2013-10-13
རུས་མིང་། འཕགས་མོ་རྡོ་རྗེ།
འཛིན་གྲྭ དམའ་གཉིས་འཛིན་གསུམ།
        མི་རྣམས་ཀྱིས་གཅན་ཚའི་རི་ཆུ་ནི་མཛེས་སྡུག་ལྡན་པ་ཞིག་རེད་ཟེར།  ང་རང་གཅན་ཚ་རྫོང་གི་ལྷོ་རི་སྟེང་ལ་སོང་ནས་ཕ་ཡུལ་གྱི་རི་ཆུ་ལ་བལྟས།
        གཅན་ཚ་རྫོང་ལ་དེ་འདྲ་ཆེ་རྒྱུ་དང་ཆུང་རྒྱུ་མེད་པའི་རྫོང་མཁར་གྲལ་དག་ཅིང་འཛུགས་སྐྲུན་གྱི་བཀོད་པ་ངོ་མཚར་བ་ཞིག་ཡོད། དེའི་ཤར་འགྲམ་དུ་བཞུར་བའི་དྭངས་ཤིང་གཙང་བའི་རྨ་ཆུ་ ནི་གཡུ་འབྲུག་སྔོན་མོ་ས་ལ་འཁྱུགས་པ་དང་གཉིས་སུ་མ་མཆིས་པར་གྱ་གྱུར་འབབ་བཞིན་ཡོད། ཕ་ཡུལ་གྱི་ཆུ་བོ་ནི་ཇི་འདྲའི་དྭངས་པ་ལ། དེ་ཧ་ཅང་དྭངས་པས་ཆུ་ནང་གི་ཉ་མོ་ཡང་མཐོང་ཐུབ། ཕ་ཡུལ་གྱི་ཆུ་བོ་ནི་ཇི་འདྲའི་སྔོ་བ་ལ། དེ་ཧ་ཅང་སྔོ་བས་གཡང་དྲི་སྔོན་མོ་ཞིག་དང་འདྲ། ཕ་ཡུལ་གྱི་ཆུ་བོ་ནི་ཇི་འདྲའི་ཞི་ཞིང་འཇགས་པ་ཞིག་རེད་ཨང་། དེ་ཞི་ཞིང་འཇགས་པས་གཡོ་འགུལ་དང་བཞུར་སྒྲ་མེད་ལ་ཁྱོད་ཀྱིས་དེ་བཞུར་གྱིན་ཡོད་པའང་མི་ཤེས། བདག་གིས་མཛེས་སྡུག་ལྡན་པའི་ཞི་ཧའོ་ཆུ་བོ་མཐོང་མྱོང་ལ། ཚོས་ཁུ་སྔོན་པོ་བླུགས་པ་དང་འདྲ་བའི་མཚོ་སྔོན་པོ་ཡང་མཐོང་མྱོང་། འོན་ཀྱང་ཕ་ཡུལ་གྱི་ཆུ་བོ་འདི་འདྲ་ཞིག་མཐོང་མ་མྱོང་།
        ཕ་ཡུལ་གྱི་རི་ནི་ཇི་འདྲའི་གཟར་བ་ལ། དེ་ཧ་ཅང་གཟར་བས་སྟེང་དུ་འགྲོ་མི་ཕོད། ཕ་ཡུལ་གྱི་རི་བོ་ནི་ཇི་འདྲའི་མཐོ་བ་ལ། དེ་ཧ་ཅང་མཐོ་བས་ཡར་ལ་བལྟས་ཚེ་མགོ་བོའི་ཞྭ་མོ་ཡང་ལྷུང་འགྲོ། ཕ་ཡུལ་གྱི་རི་ནི་ཇི་འདྲའི་མཛེས་པ་ལ། དེ་ཧ་ཅང་མཛེས་པས་གྲོང་ངེར་ལངས་པའི་ཀ་བ་དང་འདྲ་ཞིང་། ལ་ལ་ནི་གྲྭ་བ་རྒན་པ་ཞིག་དང་འདྲ། བདག་གིས་རྔམ་བརྗིད་ལྡན་པའི་རི་བོ་ཐའེ་ཧྲན་མཐོང་མྱོང་ལ། མཛེས་སྡུག་ལྡན་པའི་རི་བོ་ཞང་ཧྲན་ཡང་མཐོང་མྱོང་། འོན་ཀྱང་ཕ་ཡལ་གྱི་རི་འདི་ལྟ་བུ་ཞིག་མཐོང་མ་མྱོང་།
        རི་བོའི་མུ་ཁྱུད་ཀྱིས་གཙང་བོའི་མཐའ་བསྐོར་ཞིང་། ཆུ་བོའི་ནང་དུ་རི་བོ་ཡི་གཟུགས་བརྙན་ཤར་ཡོད། འདི་འདྲའི་མཛེས་སྡུག་ལྡན་པའི་སྣང་བརྙན་དེ་རི་མོ་མཁན་གྱི་པིར་སྨྱུག་ལས་ཀྱང་ཐོན་པར་དཀའ། ང་རང་ཕ་ཡུལ་ལ་དགའ་ཞིང་། ཕ་ཡུལ་གྱི་རི་ཆུ་ལ་དེ་བས་ཀྱང་དགའ།
མཛུབ་ཁྲིད་དགེ་རྒན། ལྕགས་མོ་མཚོ།