འགྱུར་སླ་བའི་ང་། ཆོས་སྐྱོང་མཚོ།

རྩོམ་པ་པོ།: 2013-10-13
རུས་མིང་། ཆོས་སྐྱོང་མཚོ།
འཛིན་གྲྭ དམའ་གཉིས་འཛིན་གཅིག
    ང་ནི་འདི་འདྲའི་འགྱུར་སླ་བའི་མི་ཞིག འོ་ན་ང་ནི་རྩྭ་དང་ཀུན་ནས་མཚུངས། ང་། དལ་ཅག་གེར་གྱུར་བའི་ཉམ་ཆུང་གི་ང་། ལེགས་འགྲུབ་དང་རྒྱལ་ཁ་འཐོབ་མ་མྱོང་བའི་ང་། གཞན་རྗེས་ལ་འབྲང་དགའ་བའི་ང་། ཐ་མར་བརླག་སྲིད། རྟོག་དཔྱོད་ལ་མི་དགའ་བའི་ང་། ནམ་ཞིག་ཕམ་སྲིད། ཡིན་ནའང་། ཐོབ་ཤོར་དང་རྒྱལ་ཕམ་གྱི་རལ་གྲིའི་སོ་ཁ་ནས་ང་ལ་དགེ་རྒན་དམ་པའི་སློབ་གསོ་འཐོབ། དྲིན་ཅན་གཉེན་ཉེ་རྣམས་ཀྱིས་ཁ་ཏ་བྱས།  དེ་བས་ང་ནི་ནམ་ཡང་མི་ངན་ཞིག་ཡིན་མི་སྲིད། གྲོགས་པོས་བཞག་པའི་བླ་མེད་ཀྱི་བག་ཆགས། དགེ་རྒན་གྱིས་སྦྱིན་པའི་ཡོན་ཏན་གྱི་རྒྱགས་ཕྱེ། འདི་འདྲའི་ལྷད་མེད་ཀྱི་མགོན་སྐྱབས་ཡོད་པས། ནམ་ཡང་ཕམ་མི་དགོས། སྤོབས་པ་ཆེན་པོས་མདུན་དུ་སྐྱོད། བརྩོན་པ་སྐྱེད་ནས་འོད་སྟོང་ལྡན་པའི་རྒྱལ་ཁ་བསུ། འདུན་ལམ་འཚོལ་ཆེད། དཀའ་སྡུག་དང་དུ་ལེན། ཁོག་རྒྱ་ཡངས་པོར་སྐྱེད། གྲོགས་པོར་མཐུན་སྒྲིལ་བྱེད། སྒྲིག་ལམ་བརྩི་ཞིང་སྲུང་། དྲན་སྐུལ་མང་དུ་བྱེད། རྒན་གྱི་ཁ་ཏར་ཉན། དེ་ལྟར་འཕེལ་རྒྱས་ཡོང་ཆེད། དུས་ཚོད་དམ་འཛིན་དང་། འཆར་གཞི་འོས་འཚམ་བཀོད།
མཛུབ་ཁྲིད་དགེ་རྒན། ལྕགས་མོ་མཚོ།