གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པ་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།: 2013-10-13

གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པ་ངོ་སྤྲོད་མདོར་བསྡུས།
གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པ།

     གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པ་ནི་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་དུ་ཆགས་ཡོད་ཅིང་། 1997ལོའི་ཟླ7པར་བཙུགས་པ་དང་། 1999ལོའི་ཟླ9བར་དངོས་སུ་སློབ་མ་བསྡུས་ཏེ་སློབ་འགོ་ཚུགས། སའི་རྒྱ་ཁྱོན་ལ་མུའུ100དང་། སློབ་གྲྭའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ7856ཡོད། ལོ་རིམ6དང་འཛིན་གྲྭ27ལྷག དངོས་ཡོད་སློབ་གྲྭའི་སློབ་མ1800ཡས་མས་བཅས་འདུག་པ་དང་། ཚང་མ་ནི་གྲངས་ཉུང་མི་རིགས་ཀྱི་སློབ་མ་ཡིན་ཞིང་། དེ་ལས་བོད་རིགས་སློབ་མས་སློབ་མ་སྤྱི་ཡོངས་ཀྱི90%ཡས་མས་ཟིན། དེ་མིན་སོག་རིགས་སློབ་མས་སྤྱི་ཡོངས་ཀྱི10%ཟིན་ལ་། སློབ་གྲྭར་ཡོངས་སུ་དགེ་རྒན162ཡོད།
     གཅན་ཚ་རྫོང་གི་བྱང་ཤར་དུ་རྨ་ཆུས་བར་ཆོད་ནས་དཔའ་ལུང་རྗོང་གི་ཁ་གཏད་དུ་ཡོད་པ་དང་ཤར་ལྷོར་བིས་མདོ་དང་འདབས་འབྲེལ་ཡོད་ལ། ནུབ་མཐར་ཁྲི་ཀ་རྫོང་དང་འབྲེལ་བ་དང་ལྷོ་ཕྱོགས་སུ་རེབ་གོང་རྫོང་དང་འབྲེལ་ཡོད། ཟི་ལིང་གྲོང་ཁྱེར་ལ་སྤྱི་ལེ127དང་རེབ་ཀོང་རྫོང་གི་རོང་བོ་གྲོང་རྡལ་ལ་སྤྱི་ལེ70ཡོད། གཅན་ཚ་རྫོང་མི་དམངས་སྲིད་གཞུང་ནི་མར་ཁུ་ཐང་གྲོང་རྡལ་དུ་ཡོད་པ་དང་རྫོང་ཡོངས་སུ་ཡུལ་ཚོ6དང་གྲོང་རྡལ3། སྲིད་འཛིན་སྡེ་ཁག79རུ་དབྱེ་ཡོད། སའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ1714ཡོད། མི་འབོར་ཁྲི་ལྔ་ཡོད་པའི་བོད་རིགས་འདུས་སྡོད་བྱེད་པའི་ས་ཁུལ་ཞིག་ཡིན།