ང་ཚོའི་འཛིན་གྲྭ སྒྲོལ་མ་འཚོ་ཆེ་བ།

རྩོམ་པ་པོ།: 2013-11-01

སློབ་གྲྭ། བསང་ཆུ་རྫོང་རྒན་གྱ་སློབ་གྲྭ།
སློབ་རིམ། ལོ་རིམ་ལྔ་བ།
རུས་མིང་། སྒྲོལ་མ་འཚོ་ཆེ་བ།

     ང་ཚོའི་འཛིན་གྲྭ་ལ་མི་སུམ་ཅུ་སོ་བཞི་ཡོད། སློབ་མ་ཕོ་ཉི་ཤུ་དང་། སློབ་མ་མོ་བཅུ་བཞི་ཡོད། ང་ཚོའི་འཛིན་གྲྭའི་འཛིན་དཔོན་ནི་རིག་བྱེད་མཁའ་འགྲོ་ཡིན་ལ།  སློབ་སྦྱོང་ཨུ་ཡོན་ཡུམ་འཚོ་སྐྱིད་ཡིན། འཛིན་བདག་ནི་དགེ་རྒན་རྡོ་རྗེ་སྐྱིད་ཡིན།
     ང་ཚོའི་འཛིན་གྲྭ་ལ་མཐུན་སྒྲིལ་ཡོད་པ་དང་།  ད་དུང་མི་བཟང་བོ་ཧ་ཅང་མང་ལ། ཕན་ཚུན་ལ་རོགས་རམ་བྱེད་རྒྱུར་ཡང་དགའ། ང་ཚོའི་འཛིན་གྲྭ་སྤྲོ་སྐྱིད་ལྡན་པ་ཞིག་ཡིན་པས་ཧ་ཅང་སྐྱིད། ད་དུང་མི་ལ་ལ་རྩེད་མོ་རྩེ་རྒྱུར་དགའ་བ་དང་། མི་ལ་ལ་དཔེ་ཆ་བལྟ་བར་དགའ། ཡང་མི་ལ་ལ་གླུ་ལེན་པར་དགའ་བ་དང་ཞབས་བྲོ་འཁྲབ་རྒྱུར་དགའ། ང་ཚོའི་མི་ཚང་མ་མཉམ་དུ་ལོ་ལྔ་ཙམ་ལ་མཉམ་འགྲོ་མཉམ་འདུག་བྱས་པས། ཕན་ཚུན་ལ་ཧ་ཅང་འདྲིས་ཡོད། ལོ་སྔོན་མར་ཡང་ང་ཚོའི་འཛིན་གྲྭའི་ནང་དུ་སློབ་མ་གསར་བ་ཞིག་ཡོང་བས། ད་ལྟ་ང་ཚོ་ལ་མི་སོ་བཞི་ཡོད་པ་ཡིན།
     ཉིན་ཞིག་ལ། ང་ཚོའི་འཛིན་གྲྭས་ཁོར་ཡུག་ལ་གཙང་སྦྲ་བྱས་པ་ཡིན། གཙང་སྦྲ་བྱེད་པའི་སྐབས་སུ་ནན་ཏན་གྱིས་གཙང་སྦྲ་བྱས་ཤིང་། དེ་ནས་ང་ཚོ་སློབ་ཁང་ནང་དུ་ཡོང་ནས་ཡང་གཙང་སྦྲ་བྱས་པ་ཡིན། དེ་ནས་ང་ཚོའི་འཛིན་གྲྭ་དགའ་སྤྲོའི་ངང་སློབ་ཁང་ནང་ནས་ཅུང་ཙམ་བསྡད་པ་ན། གྲངས་རིག་དགེ་རྒན་ཡོང་ནས་ང་ཚོའི་འཛིན་གྲྭས་མཉམ་གཅིག་ཏུ་རི་མོ་བྲིས་ཏེ་སློབ་ཁང་གི་གྱང་ངོས་སུ་སྦྱར་བ་དང་། སློབ་མ་ལ་ལས་རྩོམ་ཡིག་བྲིས་ནས་ཡང་གྱང་ངོས་སུ་སྦྱར་བ་ཡིན།
     ང་ཚོའི་འཛིན་གྲྭ་འདི་ལྟར་ཁ་འཆམ་ན་ང་ཚོ་ཧ་ཅང་སྐྱིད། ང་ཚོའི་འཛིན་གྲྭ་ནི་ཅི་འདྲའི་སྐྱིད་པའི་འཛིན་གྲྭ་ཞིག་རེད་ཨང་།

མཛུབ་སྟོན་དགེ་རྒན་ནི་ཤ་བོ་ཚེ་རིང་ཡིན།