དགེ་རྒན་ལ་ཕུལ་བའི་ཤིས་ཚིག འོད་དཀར་སྐྱིད།

རྩོམ་པ་པོ།: 2013-11-01

སློབ་གྲྭ། བསང་ཆུ་རྫོང་རྒན་གྱ་སློབ་གྲྭ།
སློབ་རིམ། ལོ་རིམ་དྲུག་པ། 
རུས་མིང་། འོད་དཀར་སྐྱིད།
 

     དགེ་རྒན་ལགས། ཁྱེད་ནི་ང་ཚོའི་འཇིག་རྟེན་འཚོ་བའི་ཁྲོད་ནས་ཆེས་བྱམས་སེམས་ལྡན་པའམ་ཆེས་བརྩེ་བ་ལྡན་པའི་མི་ཡིན་པས། ང་ཚོས་རྒྱུན་ལྡན་དུ་ཁྱེད་ལ་བརྩི་བཀུར་དང་ཁྱེད་ཀྱི་ཁ་ལེན་ཚིག་བརྩི་བྱེད་དགོས།
     དགེ་རྒན་ལགས། ཁྱེད་ནི་ངའི་ཀ་ཁའི་དབྱངས་རྟ་ངག་ལ་གྱེར་གྲོགས་དང་། ཁུར་བོ་ལྗིད་མོ་ཕྲག་ལ་ཁུར་གྲོགས་ཡིན་ཞིང་། ཁྱེད་ཀྱིས་ང་ཚོ་ལ་རང་རང་གི་འཚོ་ལམ་བཟང་བོ་དེ་རྙེད་དུ་བཅུག་ནས་ཤེས་རིག་གི་སྒྲོན་མེ་ཐེངས་དང་པོ་ང་ཚོ་ལ་སྦར་ནས་ང་ཚོའི་མདུན་ལ་འོད་སྣང་སྦྱིན།
     དེ་བས་དགེ་རྒན་ལགས། ཁྱེད་ཡོད་པ་ནས་བཟུང་གོ་ལ་ཟླུམ་པོའི་སྟེང་དུ་གསེར་འོད་འཕྲོས་ཤིང་། མ་རིག་པའི་མུན་པ་དག་གི་ཕྱོགས་སུ་ཉི་འོད་འཕྲོས་དང་འཕྲོ་བཞིན་ཡོད།
     དགེ་རྒན་ལགས། ཁྱེད་ཀྱི་དཀའ་སྡུག་རྔུལ་ཆུའི་ཐིགས་པ་རེ་རེའི་ནང་དུ་ཤེས་བྱ་དང་རིག་གནས་མང་པོ་ཡོད་ལ། དེ་དག་ཚང་མ་ང་ཚོའི་ཆེད་དུ་ཕུལ་ཡོད་པར་མ་ཟད། ཁྱེད་ཀྱིས་ང་ཚོའི་རང་ཉིད་ཀྱི་ཡོད་ཚད་ཀྱི་ཡོད་ཚད་བློས་བཏང་།

མཛུབ་སྟོན་དགེ་རྒན་ནི་བླ་མ་ཚེ་རིང་ཡིན།