ཕ་ཡུལ་ལ་བསྟོད་པ། མགོན་པོ་ཚེ་རིང་།

རྩོམ་པ་པོ།: 2013-11-01

སློབ་གྲྭ། བསང་ཆུ་རྫོང་རྒན་གྱ་སློབ་གྲྭ།
སློབ་རིམ། ལོ་རིམ་དྲུག་པ།
རུས་མིང་། མགོན་པོ་ཚེ་རིང་།

མཐའ་ཡས་སྤང་ལྗོངས་སྔོན་མོའི་ཐོག །
རྟ་ནོར་ལུག་གསུམ་བག་ཡངས་རྒྱུ། །
ཕྱུགས་སྐྱོང་རྫི་བོ་རྣམས་ཀྱིས་ཀྱང་། །
དེ་ལ་རམ་འདེགས་བྱེད་དང་འདྲ། །
བྲག་དཀར་གནས་རིའི་བྲག་ཁུང་འདི། །
བལྟས་ན་བརྗིད་ཉམས་ཧ་ཅང་ལྡན། །
ཆུ་ནི་མངར་ཞིང་ཞིམ་པ་ལ། །
དེ་ནི་སྨན་མཆོག་ཅིག་ཡིན་ནོ། །
རང་བྱུང་ཁམས་ཀྱི་རི་བོའི་ཐོག །
དབྱར་ཁར་རྩྭ་སོགས་སྔོ་ལྗང་ལྗང་། །
དེ་ཡི་ཐོག་ཏུ་ནོར་ལུག་མང་། །
བྱ་རྒྱལ་རྒོད་པོས་གཤོག་རྩལ་ངོམ། །
དྭངས་ཤིང་གསལ་བའི་ཆུ་མོའི་ནང་། །
རྡོ་དང་བྱེ་མ་མཐོང་ཐུབ་ལ། །
རིན་ཆེན་གཡུ་ཡི་ཞུན་མའི་ནང་། །
ཉ་རིགས་སྣ་ཚོགས་རྐྱལ་གྱིན་ཡོད། །
དབྱར་ཁར་རླུང་ནི་དགོས་གལ་ཆེ། །
སྟོན་ཁར་རླུང་གིས་རོགས་རམ་བྱེད། །
དགུན་ཁར་རླུང་ནི་ཧ་ཅང་འཁྱག །
དཔྱིད་ཀར་རླུང་ནི་འཇམ་ཞིང་བསིལ། །
ང་རང་ཕ་ཡུལ་རླུང་བུ་ལ། །
དུང་སེམས་ཟབ་མོ་ཞིག་ཆགས་ཡོད། །
མཛེས་པའི་ཕ་ཡུལ་རྒན་གྱ་འདི། །
སྐྱིད་པའི་ས་ཆ་ཞིག་ཡིན་ནོ། །

མཛུབ་སྟོན་དགེ་རྒན་ནི་བླ་མ་ཚེ་རིང་ཡིན།