ཁ་བ་བབས་པའི་ཉིན་མོ། བན་དེ་སྒོམ།

རྩོམ་པ་པོ།: 2013-11-01

སློབ་གྲྭ། བསང་ཆུ་རྫོང་རྒན་གྱ་སློབ་གྲྭ།
སློབ་རིམ། ལོ་རིམ་དྲུག་པ།
རུས་མིང་། བན་དེ་སྒོམ།

     གཟའ་མཇུག་གི་གནམ་གཤིས་ཧ་ཅང་བཟང་བའི་ཉིན་མོ་ཞིག་ལ་སློབ་གྲོགས་ཚང་མས་རྐང་བ་དང་ལྭ་བ། མགོ་དང་ལག་པ་སོགས་གཙང་མར་བཀྲུ་བཞིན་ཡོད་པ་དང་། སློབ་གྲོགས་ལ་ལ་ཉིན་ཁར་བསྡད་ནས་དཔེ་ཆ་ལ་ལྟ་བཞིན་ཡོད། ཕྱི་དྲོའི་དུས་སུ་སླེབས་པ་ན་ནམ་ཟླ་ཇེ་འཁྱག་ནས་ཇེ་འཁྱག་ཏུ་གྱུར་བ་དང་ས་ཡང་རུབ་ལ་ཉེ། ས་རུབ་ཁར་ནམ་མཁར་སྤྲིན་ནག་གིས་གཡོགས་ཡོད།
     ཞོགས་པར་ང་རང་མལ་ལས་ལངས་ཏེ་ལྭ་བ་གྱོན་ནས་མལ་ཁང་གི་ཕྱི་རོལ་ཏུ་སོང་བ་ན་སློབ་གྲྭའི་ཁོར་ཡུག་དང་ཡུལ་ལྗོངས་ཐམས་ཅད་ལ་ཁ་བ་མཐུག་པོས་གཡོགས་འདུག ཡུལ་ལྗོངས་ཡོད་ཚད་དངུལ་དཀར་གྱིས་གཡོགས་ཡོད་པ་དང་འདྲ་བར་དཀར་ལམ་མེར་གྱུར་ཡོད། དེ་ནས་ང་རང་གོམ་པ་གཅིག་རེ་གཅིག་རེ་ཁ་བའི་ཐོག་ལ་སྤོས་ནས་དཔེ་ཆ་ཀློག་ཏུ་སོང་བ་ན། ཁ་བས་ངའི་གོམ་སྒྲ་དང་བསྟུན་ནས་ཧྲིག་ཧྲིག་ཅེས་འགྱུར་ཁུགས་གསལ་བའི་ངང་ནས་གླུ་དབྱངས་ལེན།
     སྔ་དྲོའི་དུས་སུ་སླེབས་པ་ན། རི་བོའི་སྟེང་ནས་ཉི་འོད་ཅིག་འཕྲོས་ཏེ་ཡོང་ནས་ཁ་བའི་ཐོག་ཏུ་འཕྲོས་པས། འོད་མདངས་ཀྱིས་ང་ཚོའི་མིག་དབང་འཕྲོག་པ་རེད། སྐབས་དེར་སློབ་གྲོགས་ལ་ལས་ཁ་བའི་མི་ལས་པ་དང་། ལ་ལས་ཁ་བས་རྩེད་མོ་རྩེ་བ་སོགས་བྱེད་བཞིན་ཡོད། དགེ་རྒན་རྣམས་ཀྱང་ང་ཚོའི་སློབ་མ་རྣམས་ཀྱི་རྩེད་མོའི་ཁྲོད་དུ་ཡོང་ནས་དགའ་དགའ་སྤྲོ་སྤྲོའི་ངང་ནས་རྩེ་བཞིན་ཡོད།
     དུས་དེར། སློབ་ཐུན་ཚོགས་པའི་ཅོང་སྒྲ་གྲགས་པ་དང་མཉམ་དུ་སློབ་གྲོགས་ཚོ་སློབ་ཁང་དུ་སོང་ནས་ཁ་བ་བབས་པའི་ཉིན་མོ་ཞེས་པའི་རྩོམ་ཡིག་འབྲི་ཨེ་ཤེས་ལྟ་བ་དང་། ལ་ལས་དེ་རིང་གི་དོན་སྙིང་ལྡན་པའི་ཁ་བའི་ནང་ནས་རྩེ་བའི་རྩེད་མོ་འདི་ལ་ཉིན་ཐོ་འགོད་བཞིན་ཡོད།