བདག་གི་ཕ་མ། བན་དེ་འཚོ་ཆུང་བ།

རྩོམ་པ་པོ།: 2013-11-01

སློབ་གྲྭ། བསང་ཆུ་རྫོང་རྒན་གྱ་སློབ་གྲྭ།
སློབ་རིམ། ལོ་རིམ་བཞི་བ།
རུས་མིང་། བན་དེ་འཚོ་ཆུང་བ།
     བདག་གི་ཕ་མ་གཉིས་ནི་བཀའ་དྲིན་རབ་ཏུ་ཆེ་ལ་ལྷག་བསམ་དུང་ལྟར་དཀར་བས། བུ་མོ་ངའི་ཆེད་དུ་ལར་རྒྱུག་ལུང་རྒྱུག་བྱེད་ལ། དཀའ་ཚེགས་ལ་མི་འཛེམ་པར་རི་ལུང་བ་མང་བོ་བརྒྱུད་ནས་རླུང་ལ་ཁ་གཏད་ཅིང་། ཁ་བ་བུ་ཡུག་གདོང་གིས་བསུས་ཏེ། ཡོད་ཚད་ཀྱི་ཡོད་ཚད་བུ་མོ་ང་ལ་བྱིན་ནས། བུ་མོ་ངས་བདེ་སྐྱིད་ཀྱི་འཚོ་བ་རོལ་བར་སྨོན་ལམ་རྒྱབ།
     བཀའ་དྲིན་ནམ་ཡང་འཇལ་དཀའ་བའི་ཕ་མ་གཉིས་ནི་བུ་མོ་ངས་ནམ་ཡང་བརྗེད་ཐབས་བྲལ་བའི་དྲིན་ཆེན་ཡིན་ཞིང་། ང་རང་མུན་ནག་གི་ཁྲོད་དུ་མགོ་འཁོར་ནས་བསྡོད་སྐབས། ཁྱོད་ཀྱིས་བུ་མོ་ང་ལ་སྒྲོན་མེ་གསལ་བོ་ཞིག་གནངས་ཏེ། ང་རང་མུན་ནག་ནས་ཕྱིར་ཐོན་དུ་བཅུག་སོང་།
     འཛམ་གླིང་གི་ཕ་མ་ཚང་མས་རང་ཉིད་ཀྱི་ཤ་ལས་མཆེད་པའི་བྱིས་པའི་ཆེད་དུ་རང་སྲོག་གཏོང་དགོས་ཀྱང་གཏོང་ཐུབ་ལ། རང་གི་བྱིས་པའི་ཆེད་དུ་རང་ཉིད་ཀྱི་ཡོད་ཚད་ཀྱི་ཡོད་ཚད་ཀྱང་སྟེར་ཐུབ།
     ཨེ་མ། ངའི་བསམ་པར་ཕ་མ་ནི་འཛམ་གླིང་གི་མི་ཆེས་བཟང་བོ་ཡིན་ལ། བྱིས་པ་རྣམས་ཆུང་དུས་ནས་ཆེ་བར་དུ་སྐྱོང་མཁན་གྱི་དྲིན་ཆེན་འང་ཡིན་ནོ།།

མཛུབ་སྟོན་དགེ་རྒན་ཤ་བོ་ཚེ་རིང་ཡིན།