ཁ་མིན་དོན་གྱི་སེམས་གཏམ་དྲོན་མོ། མཚོ་སྙིང་དཀར་ཚེ་རིང་།

རྩོམ་པ་པོ།: 2014-03-01

སློབ་གྲྭ། ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་།
འཛིན་གྲྭ། དམའ་གཉིས་འཛིན་བདུན།
རུས་མིང་། མཚོ་སྙིང་དཀར་ཚེ་རིང་།

ཁ་བ་རི་བོས་བསྐོར་བའི་ཡུལ་ལྗོངས་འདི། །
ཁ་སང་དེ་རིང་ཚན་རིག་དགུང་དུ་འཕྱུར། །
བོད་པའི་ཚན་རིག་རྗེས་སུ་ལུས་འདུག་པས། །
གསང་བ་མེད་པར་སྙིང་གཏམ་འདི་ལྟར་ཤོར། །

བོད་ལ་གཟི་འོད་ཡོད་པའི་ལ་རྒྱ་འདི། །
མི་རིགས་ཐམས་ཅད་ཀུན་ལས་རྒྱལ་འདོད་ན། །
ཁ་ནས་འཆད་པ་ཙམ་གྱིས་མི་ཡོང་བས། །
དྲག་འབབ་ཆུ་བོའི་ཚུལ་བཞིན་མདུན་དུ་བསྐྱོད། །

བོད་ལ་དབང་བའི་སྐད་དང་ཡི་གེ་འདི། །
མི་རིགས་ཤིག་གི་བླ་སྲོག་ཡིན་དགོས་ན། །
དུས་རབས་ཉེར་གཅིག་འདི་ནས་མགོ་བཟུང་སྟེ། །
ཡོད་ཚད་གོང་ནས་གོང་དུ་འཕེལ་བར་བྱོས། །

ཁ་བ་གངས་ཅན་རང་རེའི་བོད་ལྭ་འདི། །
གཞན་གྱིས་སྨོན་ཚིག་བསྟོད་བསྔགས་ཐོབ་འདོད་ན། །
ཁ་བ་རང་མིའི་རང་གིས་ཧུར་བརྩོན་གྱིས། །
མི་ལ་ཤོག་བུའི་ངོས་སུ་འབྲི་རུ་བཅུག  །

ཁ་བའི་ལྗོངས་ཀྱི་གདོང་དམར་བོད་པ་ཚོ། །
ཁ་ནས་ནས་གཞན་སྐད་འཆར་འཆོལ་སྨྲ་བ་ལས། །
ཁ་བ་བོད་པ་རང་གི་ཕ་སྐད་དེ། །
ཁ་ལྕེ་དག་མོས་སྨྲས་ན་ལེགས་པར་འདོད། །

ཁ་བའི་གནའ་ཡི་གཞིས་ཁྱིམ་དྲོན་མོ་འདི། །
ཁ་སང་དེ་རིང་ཕུབ་པ་འགའ་རེ་ཡིན། །
བུ་ངའི་ངུ་ངག་སྙན་མོ་འདི་ལས་ལྷུང་། །
ཁ་ཁོག་མེད་པར་ཡིད་སེམས་སྐྱོ་བས་མནར། །

ཁ་བའི་ལྗོངས་འདིའི་སློབ་གྲོགས་རྣམ་པ་ལགས། །
རྣམ་གཡེང་ལེ་ལོ་མ་བྱེད་རིག་གནས་བརྩོན། །
དགེ་རྒན་དམ་པའི་ཁ་ལ་ཉན་ནས་སྒྲུབ། །
མ་འོངས་མི་རིགས་འདི་ཡི་རྒྱུན་འཛིན་ཡིན། །

ཁ་བའི་ཡུལ་གྱི་རིགས་མཐུན་དཔོན་པོ་འགས། །
ཁ་ནས་དམངས་ལ་བྱམས་བྱམས་ཟེར་ནས་འདུག །
ལྐོག་ནས་དམངས་སྒོར་མང་བོ་ཟ་ལ་བྲེལ། །
ཁ་བཤད་ཁ་ཙམ་དོན་གྱིས་དམངས་འདི་སྐྱོ། །

ཐོག་མའི་ངག་སྒོ་བོད་ཀྱི་ཡུལ་ནས་ཁྲོལ། །
ཁ་ན་ཚིག་མེད་ཁོག་ན་ཤེས་མེད་ལ། །
མཐའ་མའི་བོད་ལ་མཇུག་སྡུད་འདི་ལས་འཇོག  །
ཁ་ལས་གཏམ་འདི་སྙིང་ཁོང་སེམས་ནས་བརྡོལ། །

འོས་སྦྱོར་བ། བདེན་འཚོལ།༼བོད་ཡིག་དགེ་རྒན།༽