གནས་འགྲོ་བུ་མོ། པད་མ་སྐྱིད།

རྩོམ་པ་པོ།: 2014-03-01

སློབ་གྲྭ། ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་།
འཛིན་གྲྭ། དམའ་གཉིས་འཛིན་བརྒྱད།
རུས་མིང་། པད་མ་སྐྱིད།

མ་གཅིག་གི་བྱང་ཁོག་བརྒྱུད་ནས་འཚར་ལོངས་བྱུང་ཡང་། 
ཁྱེད་ཀྱི་ལས་དབང་ནི་ཇི་འདྲའི་གདུག་རྩུབ་ཆེ་བ་ལའང་།
ལྷན་འཛོམས་ཀྱི་འུ་གཉིས་འདི་ལྟར་ཁ་བྲལ་དུ་བཏང་སོང་།
ཁྱེད་ཀྱི་རིག་གནས་སྦྱངས་པའི་གོ་སྐབས་དེ་ཡང་འདི་ལྟར་བཅད་སོང་།
ཁྱེད་མིག་ཆུའི་བཞུར་རྒྱུན་དང་འགྲོགས་ནས་གནས་ལ་བུད་སོང་།
ནུ་མོ་ངས་ནམ་ཡང་ཁྱེད་ཀྱི་རྩེད་མཚར་དང་འཕྲུལ་སྤྱོད་དྲན།
དྲན་པས་སེམས་ཀྱི་ན་ཟུག་དེ་བརྗོད་མི་ཚར།
བརྗོད་རུང་ནུ་མོ་ངའི་སེམས་ཀྱི་རྨ་ཁ་རུ་འགྱུར་སྲིད།
ཨ་ཅེ་ལགས།
ཁྱེད་རང་བདེ་སྐྱིད་ཀྱི་གཞིས་ཁྱིམ་དྲོན་མོ་འདི་དང་བྲལ་བར་མ་ཟད།
སྙིང་ཉེ་བའི་བཟའ་མི་དང་གཉེན་ཉེ་ཚང་མ་དང་བྲལ་ཏེ།
ཆ་མེད་རྒྱུས་མེད་ཀྱི་མི་དེ་དང་ངོ་བོ་དབྱེར་མེད་དུ་འདྲེས།
ཨ་ཅེ་ལགས། ཁྱོད་ཀྱིས་ནུ་མོ་ང་དྲན་བཞིན་ཡོད་དམ།
བདག་གིས་ཁྱེད་དྲན་པའི་གདུང་བས་མནར་བཞིན་རྩོམ་འདི་བྲིས།
དྲན་པ་དེ་ཕྲ་ཞིང་ཆུང་བའི་སྨྱུག་རྩེ་རེ་རེ་ནས་ངའི་བབས་ལྷོད་ཀྱི་ཤོག་ངོས་སུ་དལ་གྱིས་འཐིམས་ཤིང་།
ངས་དྲན་གདུང་གི་མཆི་མ་འགའ་དང་ལྷན་དུ་སྙན་ངག་ཅིག་ཏུ་གྱུར།

འོས་སྦྱོར་བ། བདེན་འཚོལ།༼བོད་ཡིག་དགེ་རྒན།༽