གཟེབ་ཏུ་བཅུག་པའི་བྱེའུ་ཆུང་། མ་ཅིག་སྐྱབས།

རྩོམ་པ་པོ།: 2014-03-01

སློབ་གྲྭ། ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་།
འཛིན་གྲྭ། དམའ་གཉིས་འཛིན་བདུན།
རུས་མིང་།  མ་ཅིག་སྐྱབས།
 
ཁ་སང་།  ཁྱོད་རང་དབང་དང་ཡིད་ཆེས་ཀྱིས་ཁེངས་ཤིང་།
བདེ་སྐྱིད་དང་དགའ་བདེའི་དཔལ་ལ་རོལ།
སུ་ཞིག་གིས།  ཁྱོད་ཀྱིས་སེམས་པ་འཁྱག་རོམ་གྱི་སྒྲོམ་དུ་བཅུག 
དེ་རིང་།  ཁྱོད་ལ་རང་དབང་དང་གདམ་ཀ་མེད་ལ།
ཁེངས་འཛུམ་དང་བདེ་སྐྱིད་དབེན།
སུ་ཞིག་གིས།  ཁྱོད་རང་སྡུག་བསྔལ་གྱི་མཚོ་རུ་འཕངས།

སང་ཉིན།  ཁྱོད་རང་འཇིགས་སྐྲག་དང་སྐྱོ་སྣང་གིས་ཁེངས་ཤིང་།
སྡུག་བསྔལ་དང་མྱ་ངན་གྱིས་མནར།
སུ་ཞིག་གིས།  ཁྱོད་ཀྱི་བང་རྩལ་གཟེབ་ལ་བཅོལ།
བྱེའུ་ཆུང་ལགས།  ཁྱོད་ལ་དངོས་གནས།
གཞལ་མི་ཐུབ་པའི་ཉེས་མུག་ག་ཙམ་གདའ།
གང་ལྟར།  ངས་ཁྱོད་རང་མཐོང་ཐེངས་རེར།
སེམས་པ་སྐྱོ་བས་མནན་ཡོང་།
བྱེའུ་ཆུང་ལགས།

༢༠༡༣ལོའི་ཟླ༦པའི་ཚེས༢༠ཉིན།  
འོས་སྦྱོར་བ། བདེན་འཚོལ།༼བོད་ཡིག་དགེ་རྒན།༽