དམ་པའི་དུས་ཆེན། རིན་ཆེན་སྒྲོལ་མ།

རྩོམ་པ་པོ།: 2014-03-01

སློབ་གྲྭ། ཀླུ་ཆུ་རྗོ་བོད་རིགས་སློབ་འབྲིང་།
འཛིན་གྲྭ། དམའ་གཉིས་འཛིན་བདུན།
རུས་མིང་། རིན་ཆེན་སྒྲོལ་མ།
 

                                  དམ་པའི་དུས་ཆེན།
                                          དགེ་རྒན་དུས་ཆེན་ལ་སྦྱར་ཏེ་སློབ་རྭའི་ཁོར་ཡུག་ཞིབ་འབྲི།

སྲོད་ཁའི་ཉི་འོད་དྲོ་མ་འཁྱག་རེད། །
ལ་ཁའི་སྤྲིན་པ་ལྡིང་མ་འཕྱོ་རེད། །
ཡ་ཆུང་སེམས་པ་དགའ་མ་སྐྱིད་རེད། །
ཆོས་ཀྱི་སྒྲ་དབྱངས་དམའ་མ་མཐོ་རེད། །

དགེ་རྒན་ཞལ་རས་ཁྲོ་མ་འཛུམ་རེད། །
སློབ་མའི་ཡ་ཆུང་གཉིད་མ་སད་རེད། །
སློབ་ཁང་མཐོན་པོ་ལངས་མ་སྡོད་རེད། །
སློབ་ར་ཡོངས་རྫོགས་དྭངས་མ་རྙོག་རེད། །

སློབ་གྲོགས་ཕན་ཚུན་འཛིང་མ་མཐུན་རེད། །
གྲལ་སྒྲིག་སྟར་ཕྲེང་དྲང་མ་འཁྱོག་རེད། །
སྒས་སྒམ་མཐོན་པོར་འཛེགས་མ་ནུར་རེད། །
དགེ་རྒན་ཡོང་དུས་དགའ་མ་སྡུག་རེད། །

སློབ་ཁང་གྲུ་བཞི་ཡངས་མ་དོག་རེད། །
ཚུར་ལ་ཡོང་དུས་གཅིག་རྗེས་གཉིས་མཐུད། །
ཕར་ལ་འགྲོ་དུས་འཚང་ཁ་ཤིག་ཤིག །
སློབ་ཁྲིད་ཚོགས་དུས་གཡེང་མ་སྒྲིམ་རེད། །

དམ་པའི་དུས་ཆེན་བྲེལ་མ་འཚུབ་རེད། །
འཛིན་གྲྭ་ལ་ལ་རྒྱུགས་མ་འདུར་གྱིས། །
སྒོ་སམ་མཛེས་བཟོའི་སྒྱུ་རྩལ་དེ་ཡང་། །
རྫུན་དང་ཕྲ་མས་བརྐུ་མ་འཕྲོག་རེད། །

ཕ་མ་གཉིས་པ་རྒྱུག་མ་འདུར་རེད། །
ཉམ་ཆུང་སློབ་བུ་དངངས་མ་འདར་རེད། །
དུས་ཆེན་གོམ་འགྲོས་དལ་མ་མགྱོགས་རེད། །
སེམས་མཚོན་ལེགས་སྐྱེས་ལས་མ་བྲིས་རེད། །

༢༠༡༣ ལོའི་ཟླ༩བའི་ཚེས༧ཉིན། 

ཕྲན་དཔྱད།
      རྩོམ་ཡིག་འདི་ནི་དགེ་རྒན་དུས་སླེབས་ལ་ཉེ་དུས་ཀྱི་སློབ་མ་དང་དགེ་རྒན། སློབ་རའི་ཁོར་ཡུག་བཅས་ཀྱི་རྣམ་པ་དེ་ཅུང་འབུར་དུ་དོད་པར་བྲིས་འདུག་ལ། སྙན་ངག་པ་ཞིག་གི་རྣོ་དབལ་གྱི་མིག་ཟུང་གིས་འཚོ་བར་ཟབ་འཇུག་བྱས་ཡོད་པས་ཤིན་ཏུ་ལེགས། ད་དུང་དངོས་ཤུགས་གང་རུང་ན་ཟུར་ཟ་ཡི་ཆའང་འཇགས་མེད་དུ་མངའ་བས། ལང་ཚོ་ཡི་སྟོབས་ཤུགས་དེ་གཟུགས་སུ་བྱས་འདུག

འོས་སྦྱོར་བ་དང་དཔྱད་བརྗོད་པ། བདེན་འཚོལ།༼བོད་ཡིག་དགེ་རྒན།༽