མ་ཡུམ་སློབ་གྲྭར་བསྟོད་པ། སྒྲོལ་མ་སྐྱིད་ཆེ་བ།

རྩོམ་པ་པོ།: 2014-03-01

སློབ་གྲྭ། ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་།
འཛིན་གྲྭ། དམའ་གཉིས་འཛིན་ལྔ།
རུས་མིང་། སྒྲོལ་མ་སྐྱིད་ཆེ་བ།

ཀླུ་ཆབ་འབབ་ལྡན་གཙང་བོའི་འགྲམ་ངོགས་ན། །
སྔོ་ལྗང་གཡུ་ལོ་ཐགས་སུ་བཀྲ་བའི་ཚུལ། །
གཞལ་ཡས་ཁང་བཟང་ས་རུ་འཕོས་འདྲ་ཡི། །
ལྷུན་ཆགས་ཁང་བརྩེགས་མང་བོ་གྲལ་དུ་བསྒྲིགས། །
བློ་རིག་གྲུང་བའི་རྐང་དྲུག་ཁྱུ་ཚོགས་རྣམས། །
མ་བོས་མགྲོན་གྱི་ངང་གིས་གནས་འདིར་ལྷགས། །
གངས་དཀར་ཨ་མའི་ཞལ་གསུང་དྲོན་མོ་དེ། །
ཡིད་འོང་པད་ཚལ་འདི་ན་གསལ་གྱི་ལེར། །
གངས་ཕྲུག་བགྲང་ལས་འདས་པའི་ལས་སྐལ་དེ། །
སྒེག་ཉམས་ལྡན་པ་མ་ཡུམ་འདི་ན་མཆིས། །
གངས་རིའི་ལྗོངས་ཀྱི་མ་རིག་བདུད་དཔུང་འཇོམས། །
གངས་ཕྲུག་མང་བོའི་མདུན་ལམ་འདི་ནས་བཙལ། །
འགྲོ་དྲུག་རྨོངས་པ་གཏིང་ནས་སེལ་བ་བོ། །
བཤེས་གཉེན་དམ་པའི་ཕྱག་ཟུང་གཉིས་པོ་ཡིས། །
ཟབ་མོའི་ཤེས་བྱ་སློབ་བུའི་སྣོད་དུ་སྦྱིན། །
བློ་སྤོབས་ལྡན་པའི་ཤེས་ལྡན་རྐང་དྲུག་བསྐྱངས། །
བཀྲ་ཤིས་གཡང་འཁྱིལ་མ་ཡུམ་ཕྱུག་པོའི་ཚལ། །
བསིལ་འཇམ་དྲི་བཞོན་དཔྱིད་ཀའི་ཕོ་ཉ་སླེབས། །
ཤེས་བྱའི་མེ་ཏོག་རྒྱན་དུ་སྤྲས་ཤིང་བཞད། །
ཡིད་དབང་འཕྲོག་པའི་ཤེས་བྱ་འདི་རུ་མཆིས། །
མི་རིགས་བཟང་བོའི་རྒྱུད་འཛིན་འདི་ནས་འཁྲུངས། །
རྣམ་མང་ཤེས་བྱའི་གདུང་བ་འདི་ནས་སེལ། །
དྲིན་ཆེན་ཨ་ཕའི་དྲིན་ཆེན་འདི་ནས་འཇལ། །
མ་ཡུམ་སློབ་གྲྭའི་མཛད་པ་ཨེ་མ་རྨད། །

འོས་སྦྱོར་བ། བདེན་འཚོལ།༼བོད་ཡིག་དགེ་རྒན།༽