འཇོ་སྒེག་གི་ལང་ཚོ། པད་མ་བཀྲ་ཤིས།

རྩོམ་པ་པོ།: 2014-03-01

སློབ་གྲྭ། ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་།
འཛིན་གྲྭ།   དམའ་གཉིས་འཛིན་བརྒྱད།
རུས་མིང་། པད་མ་བཀྲ་ཤིས།
 
དགུ་ཉིས་བཅོ་བརྒྱད་ལང་ཚོའི་བཞིན་མདངས་དམར་པོ། །
མི་ཚེའི་ནོར་འཛིན་ཕྱུག་མོའི་དུས་གསར་ཕོ་ཉ། །
ནོར་བཞིའི་ཞབས་རྗེས་སྙེགས་པའི་སྲིད་པའི་བློ་རྙིང་། །
དུས་རབས་བརྡ་འཕྲིན་འདྲེས་པའི་ཤེས་བྱའི་ཕྱོགས་སུ། །
བརྩོན་སེམས་ཆུ་རྒྱུན་དྲག་པའི་རྦ་རླབས་འཕྱོ་བཞིན། །
ལང་ཚོའི་སེར་ཆེན་དུས་འདི་དམ་གྱིས་བཟུང་ནས། །
སྨན་ལྗོངས་ཕྱུག་མོར་ཤེས་བྱའི་འོད་སྣང་སྒྲོན་ཏེ། །
མི་རབས་རིང་མོའི་བཞུད་ཀྱང་མ་ཉམས་གནས་པ། །
རིགས་ཞེན་སྲི་ཞུ་བསྒྲུབ་པའི་དུང་སེམས་མངར་མོ། །
ལང་ཚོའི་དཔལ་གྱིས་ཕྱུག་པའི་ཉི་གཞོན་ཐོག་མ། །
གནས་ལྔ་རིག་པའི་གླིང་དུ་གོམ་སྟབས་བསྒྱུར་ཅིང་། །
མེས་པོའི་ཕྱག་ཟུང་བཀའ་དྲིན་ཡིད་དུ་དྲན་བཞིན། །
ལང་ཚོའི་དུས་སྐབས་བྱ་བཞག་བསྒྲུབ་པའི་བསྐལ་བ། །
སྒྱུ་མའི་རི་གྲོང་ཉུལ་བའི་མི་ཚེ་འདི་ཉིད། །
ཆར་འཇགས་རྗེས་སུ་འཆར་བའི་འཇའ་ཚོན་ཚུལ་དང་། །
ཉི་རྩེ་མ་འཆར་སྔོན་གྱི་སྨག་ཆེན་ཇི་བཞིན། །
བཞུད་ཟིན་ལོ་ཟླ་ཕྱིར་ཡོང་རྨི་ལམ་ཡིན་པས། །
ལང་ཚོའི་དུས་འདིར་ཤེས་བྱའི་བདུད་རྩི་བཏུང་དགོས། །

འོས་སྦྱོར་བ། བདེན་འཚོལ།༼བོད་ཡིག་དགེ་རྒན།༽