གྲོགས་མོ་ལགས། གསན་བྱུང་ངམ། ལྷ་མཚོ་སྐྱིད།

རྩོམ་པ་པོ།: 2014-06-02
གྲོགས་མོ་ལགས། གསན་བྱུང་ངམ།
འཛིན་གྲྭ མཐོ་གཉིས་འཛིན་བཞི།
རུས་མིང་། ལྷ་མཚོ་སྐྱིད།
              ནམ་མཁའི་སྤྲིན་པ་དཀར་བོ།།
              ལྷོ་མིན་ཡུལ་དུ་འགྲོ་ན།།
              བརྩེ་ལྡན་སྙིང་གི་གྲོགས་མོར།།
              འཕྲིན་ཞིག་བསྐུར་ན་བསམ་བྱུང་།།
              བརྩེ་བ་གཅིག་མཐུན་བྱུང་ཡང་།།
              དྲན་པ་བར་ཐག་རིང་གི།
              ལོ་དང་ཟླ་བའི་ཁྲོད་ནས།།
              གྲོགས་མོར་སྒུག་ནས་རྒས་སོང་།།
              མཚན་མོར་རྨི་ལམ་ནང་ནས།།
              ལན་གཅིག་མཇལ་བ་རྨིས་ཀྱང་།།
              གཟུགས་མེད་མདང་གི་རྨི་ལམ།།
              ཡིད་སེམས་གདུང་བའི་གཞི་རེད།།
              ཁྱོད་སེམས་ཁོ་ཐག་མ་ཆད།།
              བདག་སེམས་ཨ་ཐང་མི་ཆད།།
              མི་རིང་འཇིག་རྟེན་འདི་ནས།།
              མྱུར་མཇལ་སྨོན་ལམ་ངས་འདེབས།།
              སྙིང་གི་གྲོགས་མོ་དྲན་ནས།།
              སྐྱོ་གདུང་མཆི་མ་བཞུར་དུས།།
              སེམས་ཀྱི་མནར་བའི་སྡུག་བསྔལ།།
              གྲོགས་མོ་ཁྱེད་ལ་བཤད་འདོད།།