དུས་བཞིའི་རང་མདངས། སྙིང་མོ་སྐྱིད།

རྩོམ་པ་པོ།: 2014-06-02
དུས་བཞིའི་རང་མདངས།
འཛིན་གྲྭ མཐོ་གཉིས་འཛིན་བཞི།
རུས་མིང་། སྙིང་མོ་སྐྱིད།
    ཆུ་སྐྱེས་མགོ་ལྕོག་ལྡེམ་ལྡེམ་གཡོ་བའིས་ཆེན་ཨ་མའི་པང་གཞུང་ན།
    རྟ་ནོར་ལུག་གསུམ་ནམ་མཁའི་སྐར་ཚོགས་ས་ལ་ལྷུང་བར་གཉིས་སུ་མེད།
    ཨ་ཅེ་འབྲོག་མོའི་དགོ་དགོ་བཞོ་དབྱངས་མུ་མེད་སྤང་ཐང་ཁྱབ་ཙ་ན།
    དབྱར་གྱི་མ་མས་བརྩོན་སེམས་ཐོགས་ཏེ་གངས་རིའི་ལྗོངས་ལ་སྨོན་ལམ་བརྒྱབ།
    བཀྲ་ཤིས་ཁ་བ་དཀར་པོའི་རྟེན་འབྲེལ་མགོ་མ་གངས་ཅན་བོད་དུ་འཕོས།
    བྱམས་ལྡན་གདོང་དམར་བོད་མིའི་ལྷག་བསམ་དཀར་པོ་གངས་རིའི་ཞིང་དུ་སྨིན།
    མི་གཙང་རྡུལ་གྱི་དྲི་མ་མཐོང་བའི་མོད་ལ་ཤེལ་གྱི་མཆོད་རྟེན་དྲན།
    དགུན་གྱི་སྲུང་དམག་བསྐལ་བརྒྱའི་བར་དུ་གངས་རིའི་ཞིང་དུ་འཐིམས་པར་འཚལ།
    འབྲོག་པའི་ཕྱུགས་ལ་ཤ་ཤེད་རྒྱས་ཤིང་རོང་བའི་བང་མཛོད་འབྲུ་ཡིས་གཏམས།
    ནོར་འཛིན་སྒེག་མོས་མར་གད་ཁུ་བའི་གོས་ཀྱིས་རང་ལུས་མཛེས་བར་སྤྲས།
    འདབ་ཆགས་ཚོགས་ཀྱིས་ཨ་སྔོན་དབྱིངས་སུ་བག་ཡང་ཟོལ་གྱི་སྟངས་སྟབས་བསྒྱུར།
    སྟོན་གྱི་བྱེད་པོས་འགྲོ་དྲུག་ཚོགས་རྣམས་དགའ་དེའི་དཔལ་གྱི་ཁ་ལོ་བྱེད།
    ནོར་འཛིན་བུ་མོས་གཡུ་ཡི་གོས་གྱོན་མེ་ཏོག་ཕྲེང་བའི་དོ་ཤལ་བཏགས།
    རྫ་ཆུ་བསིལ་མའི་ལྷང་ལྷང་བཞུར་སྒྲ་ཀོ་ཀིའི་གྲེ་འགྱུར་དབྱངས་ལ་འཁུ།
    མཛེས་བའི་གར་སྟབས་པི་ལྦང་འགྲོས་དང་སྙན་པའི་ངག་གི་དབྱངས་ལ་བརྡེབས།
    དཔྱིད་ཀྱི་བུ་མོས་འཕྱོར་བའི་སྒེག་ཉམས་བསིལ་ལྡན་ལྗོངས་ལ་ངོམས་མགོ་བརྩམས།