སྙན་ཚོམ། སྙིང་མོ་འཚོ།

རྩོམ་པ་པོ།: 2014-06-02
སྙན་ཚོམ།
འཛིན་གྲྭ མཐོ་གཉིས་འཛིན་བཞི།
རུས་མིང་། སྙིང་མོ་འཚོ།

            མི
ཕྱི་ཁྲ་ཁྲ་འོད་ཟེར་ནི་འཕྲོ་རུང་།།
ནང་མ་སྨིན་ཨ་མྲ་ཡི་རང་མདངས།།
དུང་སུམ་ཅུའི་ཕྲེང་བ་ནི་ངོམས་རུང་།།
ཁྱོའི་བསླུ་བྲིད་རིན་ཐང་ནི་གོར་ཐིག།

ཚིག་འཇམ་པའི་དབྱངས་རྟ་ནི་གྱེར་རུང་།།
སེམས་མ་དག་ནག་ནོག་གི་དུ་སྤྲིན།།
ལག་འཇམ་པོས་ཁམས་བདེ་ཞིག་དྲིས་རུང་།།
མིག་གཡོ་སྒྱུའི་ཨ་ལོང་དེ་མཐོང་སླ།།
    
སེམས་སྒྱུ་མའི་དྲ་ན་གནས་རུང་།།
ལས་རྒྱུ་འབྲས་སྤྱི་གཙུག་ན་འཆར་བས།།
ཡུན་ཐུང་བའི་བདེ་བ་ཡི་མངར་ཁ།།
ཚེ་གང་བོའི་ཉེས་བ་ལས་ཅི་ཐོབ།།

            དངོས་བོ།
མདོག་ཡག་པ་འགྲམ་ཆུ་ཞིག་ལྡང་རུང་།།
རྫས་ངན་པའི་རྡུལ་ཕྲན་ལས་སྦྱོར་བ།།
ཟ་འདོད་པའི་སྣང་བ་ཞིག་སྐྱེས་རུང་།།
ནང་མི་གཙང་བདེ་ཐང་གི་དགྲ་བོ།།
དབྱིབས་བཟོ་ལྟ་མིག་སྣང་ནི་འཕྲུལ་རུང་།།
རྒྱུ་འབྲས་ཚད་གད་སྙིགས་ཀྱི་གྲུབ་ཆ།།
རེག་འདོད་པའི་ཟ་འཕྲུག་ནི་ལངས་རུང་།།
སྒོར་ཀུན་དགའ་ཇེ་སྲབ་དུ་གཏོང་མཁན།།
ཤེལ་གྲུ་བཞིའི་དྭངས་ཆ་ནི་གསལ་རུང་།།
མིག་དབང་བོའི་བླ་སྲོག་དེ་སྲུང་མཁན།།
གླེང་སྟེགས་བུའི་འཆལ་གཏམ་གྱི་ཉིན་མཚན།།
རླབས་ལས་དོན་འཕྲོག་མཁན་གྱི་རྐུན་མ།།