ཁྱོད་ཉིད་མེད་པའི་བཤུལ་ལམ། གཅོད་པ་འཚོ།

རྩོམ་པ་པོ།: 2014-06-02

གཅོད་པ་འཚོ།

འཛིན་གྲྭ མཐོ་གཉིས་འཛིན་བཞི།
རུས་མིང་། གཅོད་པ་འཚོ།

ཐོ་རངས་སྐར་ཆེན་གྱིས་དལ་བུར་དགུང་ནས་འཛུམ་ཞིག་བསྟན་བྱུང་།
ཁྱེད་ཉིད་ནི་ད་རུང་རྨི་ལམ་མཚར་བོ་ཞིག་གི་རུམ་ཁ་ན་གསོན་འདུག
དུས་དེ་ཉིད་ལ།
ང་ཚོ་དང་མཉམ་དུ་གོ་ལ་འདིར་བཞུགས་པའི་སྐྱེ་འགྲོ་ཀུན།
ཚབ་ཚབ་བྲེལ་བྲེལ་ངང་དུས་ཚོད་ཀྱི་ཐག་སྒྲ་དང་ལྷན་དུ།
རང་གི་ལས་དབང་ལ་ཁ་ལོ་བསྒྱུར་བཞིན་ཁོམ་ལོང་བྲེལ།
ཁོ་ཚོ་རྨི་ལམ་མངོན་འགྱུར་གྱི་ལག་ལེན་ལ་བྲེལ་ཡོད།
ཁོ་ཚོ་སྙན་གྲགས་ལ་རྒྱ་ཡི་གཟི་བརྗིད་ལ་རྔམ་འདུག
དེ་ན   ང་ཚོས་ཅི་ཞིག་བྱེད་ཀྱིན་འདུག
ང་ཚོ་ད་རུང་གཉིད་ལས་སད་མི་འདུག
ང་ཚོ་ལག་ལེན་གྱི་གོམ་ཁ་དེར་ཕྱོགས་མི་འདུག
དེ་བས   འདུག་རན་མ་རེད།
ང་ཚོ་ལ་ལ་རྒྱ་དང་སྙན་གྲགས་དགོས།
རྗེས་ལུས་ཀྱི་འདམ་རྫབ་སྟུག་པོ་དེར་ཞུགས་མི་འདོད།
རྒྱུ་མཚན་ནི། ང་ཚོ་ལ་སྐར་ཆེན་ཞིག་གི་འོད་ཟེར་དགོས།
དགའ་བསུ་ཞིག་གི་ཐག་སྒྲ་དགོས།
ཡིན་ནའང་། ད་དུང་ང་ཚོ་ལ་ཡོད་མི་འདུག།
དེ་ནི་ལམ་ལམ་དུ་འཚེར་བའི་སྐར་མ་འོད་ཆེན།
ཚན་རིག་སྒྱུ་འཕྲུལ་གྱི་ལམ་ཆེན་དེ་མིན་ནམ།
ང་ཚོ་ལ་ཁྱེད་ཉིད་མེད་པས་སླད་སོང་།
ཁྱེད་ཉིད་མེད་པའི་ཤུལ་ལམ་ནི་སྐྱ་བོ་རེད།
སྨུག་ནག་དང་། རྨོངས་མུན་འདྲ།
དེ་བས།དུས་རབས་ལ་ཁ་ཕྱོགས་དགོས་པ་འཇིག་རྟེན་སྲིད་པའི་འགྲོ་ལུགས་ཞིག
རང་ཉིད་རྒྱལ་བའི་ལམ་སྟོན་ཞིག
ཡིན་ནའང་། ང་ཚོ་ལའང་དགོས་བ་ཁྱེད་ཡིན།
ཁྱེད་མེད་ན་ང་ཚོ་ནི་ཡ་མ་གཟུགས་དང་འདྲ།