གྱེས་གདུང་གི་ན་ཟུག་ལས་བརྡོལ་བའི་སེམས་ཀྱི་འབོད་པ། གསང་བདག་བཀྲ་ཤིས།

རྩོམ་པ་པོ།: 2014-06-02

གསང་བདག་བཀྲ་ཤིས།

འཛིན་གྲྭ མཐོ་གཉིས་འཛིན་བཞི།
རུས་མིང་། གསང་བདག་བཀྲ་ཤིས།

སིང་སིང་དྲན་སྐུལ་གྱི་ཅོང་བརྡའི་འགྱུར་ཁུག་དང་ལྷན་དུ།།
དཀར་དཀར་བརྩེ་འཛུམ་གྱིས་བརྒྱན་པའི་བྱམས་བརྩེ་ཡི་ཞལ་རས།།
གསལ་གསལ་སྙིང་ཁོངས་ཀྱི་དད་པའི་ཨ་ལོང་དེ་བཀུག་ཅིང་།།
བསགས་བསགས་ལས་དབང་གི་སྐལ་བ་མི་ཚེ་འདིར་ཕྱེད་བྱུང་།།

དུངས་དུངས་བརྩེ་བ་ཡི་ལྷག་བསམ་རང་རིགས་ལ་དཀར་ཞིང་།།
རིང་རིང་ལོ་ཟླ་ཡི་སྡུག་བསྔལ་རང་སྟེང་དུ་བླངས་ནས།།
སྐྱོང་སྐྱོང་སློབ་མ་ཡི་དོན་དུ་མི་ཚེ་ནི་ཟད་པས།།
འཛོམས་འཛོམས་བཤེས་གཉེན་གྱི་རྒྱུད་ཕྱུག་ཡོན་ཏན་ནི་མཆོག་གོ།།

དེང་མ་ཚིག་རྩུབ་ཀྱི་མདའ་མོ་སེམས་གཏིང་དུ་ཟུག་དུས།།
དུས་སུ་གོ་བ་ཞིག་མ་བྱུང་འཚིག་པ་རང་ཟས་བྱུང་།།
བྱུང་བ་ཐམས་ཅད་ནི་ད་ལྟ་ཕྱིར་འདང་ཞིག་བརྒྱབ་ཚེ།།
ཚེ་འདིར་འགྱོད་པ་ནི་སྐྱེས་པ་དེ་ལས་ཀྱང་ལྷག་མེད།།

དུས་ཀྱི་འགྱུར་བག་གི་གཤེད་མ་གནས་འདི་རུ་སླེབས་དུས།།
དགེ་སློབ་ལྷན་འཛོམས་ཀྱི་གོ་སྐབས་དབེན་གནས་སུ་གྱུར་བས།།
འཁྱར་འཁྱོར་ཚིག་འབྲུ་ཡི་དམར་ཆུང་སེམས་ཁོང་གི་བརྗོད་པ།།
དབང་མེད་འབྲི་འདོད་ཀྱི་ན་ཟུག་སྨྱུག་རྩེ་ནས་བརྡོལ་སོང་།།