གྲོགས་མཆོག་དྲན་པ། འཇིགས་བྱེད་སྐྱབས།

རྩོམ་པ་པོ།: 2014-06-02

འཇིགས་བྱེད་སྐྱབས།

འཛིན་གྲྭ མཐོ་གཉིས་འཛིན་བཞི།
རུས་མིང་། འཇིགས་བྱེད་སྐྱབས།

ཕྱི་བར་ཐག་དཔག་ཚད་ཁྲི་ཕྲག་གིས་བརྒལ་ཡང་།།
ནང་སེམས་པ་ནམ་ཡང་བརྩེ་གཅིག་དུ་སྦྲེལ་བའི།།
སྡུག་གྲོགས་པོ་དྲན་པའི་བུ་ཆུང་ངའི་སེམས་པ།།
ས་གང་དུ་ཕྱིན་ཀྱང་ལྷིང་འཇགས་ཤིག་མི་འདུག།།

གནས་ལྔ་རིག་པད་མའི་སློབ་གླིང་འདིར་འཛོམས་ནས།།
ས་གར་འགྲོ་མེད་པའི་བདག་ཡིད་ཀྱི་གྲོགས་མཆོག།།
གྲོགས་གྲོགས་མཆོག་མཆོག་ཁྱོད་དང་ཡུན་རིང་དུ་བྲལ་བས།།
ཐུགས་མ་ཁྲོ་བུ་ཆུང་སེམས་འཕྲིན་འདིར་གསན་རོགས།།

སྡུག་གྲོགས་པོ་དྲན་པའི་མིག་ཆུ་ཡི་སྦྲང་ཆར།།
དུས་ངེས་གཏན་མེད་པར་ཤག་ཤག་དུ་བབས་ཀྱང་།།
གནས་ལྔ་རིག་སྦྱོང་བའི་མདུན་ལམ་དུ་བསམ་ནས།།
གྲོགས་ཁྱད་འཕགས་ཁྱེད་དང་ཡུན་རིང་དུ་བྲལ་སོང་།།

ཡིད་བརྟན་ཚུགས་མེད་པའི་གྲོགས་ངན་ལ་འགྲོགས་ནས།།
སེམས་དམིགས་པ་མེད་ཁྱི་སྤྱང་བཞིན་འཁྱམ་པའི།།
བློ་རིག་པ་ཞན་པའི་མགོ་སྟོང་གི་ཚོགས་ལས།།
བཟང་མ་ཡིན་གྲོགས་པོའི་མདུན་ལམ་ལ་གནོད་སོང་།།

གྲོགས་བཟང་པོའི་སེམས་དཀར་ཁ་ཏ་ཡི་རང་སྒྲ།།
ཡུལ་ཐག་རིང་གནས་པའི་མཛའ་བཤེས་ཀྱི་གྲོགས་ལ།།
དུས་བཟང་པོའི་དབྱངས་རྟའི་འགྱུར་ཁུག་དང་བསྡོངས་ནས།།
སེམས་བཟང་པོའི་ཀློང་ནས་ཁྱེད་ཕྱོགས་སུ་ཕུལ་ཡོད།།