ཡུམ་ཆེན་ལགས། མགོན་པོ་བསོད་ནམས།

རྩོམ་པ་པོ།: 2014-06-02

མགོན་པོ་བསོད་ནམས།

འཛིན་གྲྭ མཐོ་གཉིས་འཛིན་བཞི།
རུས་མིང་། མགོན་པོ་བསོད་ནམས།

ལས་དབང་གི་གོམ་འགྲོས་འཁྲུགས་ས
ངའི་ཤེས་རིག་གི་ཞིང་ས་གཤིན་པོ
ང་ལ་མཚོན་ན་ཁྱེད་ནི་དྭངས་གཙང་གི་མཁའ་དབུགས་དེ་ཡིན་ལ
འཇའ་ཚོན་ལ་འདྲེས་པའི་སེམས་པའི་མཛེས་རིས་དེའང་ཁྱོད་ཡིན་འདུག
ཡུམ་ཆེན་ལགས  དུས་ཆེན་འདིའི་སྐྱབས་འགྲོ་ཐོག་མ
ངས་ནམ་ཡང་བརྗེད་ཐབས་བྲལ

ཡུམ་ཆེན་ལགས  ཁྱོད་ཡོད་པ་ནས་བཟུང
ངའི་སྐྱོ་གདུང་དང་སུན་སྣང་ཤུལ་མེད་དུ་ཡལ་ལ
ཕུགས་བསམ་དང་བྱ་བཞག་ལ་ཚོན་མདངས་བཀྲ
ཟོལ་བཅོས་དང་ཕྱི་རྫིག་ཐམས་ཅད་ཐལ་བའི་རྡུལ་དུ་བརླག
དུས་དེ་རིང་ཡུམ་ཆེན་ལགས   ཁྱོད་ནི་ཟླ་མེད་སེམས་དཔའ་དེ་ཅི་ལ་མིན

མཚན་ཁྲོད་ནས་མངོན་པའི་ངོ་གདོང་རྫུན་མ་དེ
ལྷག་བསམ་གྱི་འོད་ཐིག་གིས་གཤགས་ཤིང
རིན་ཐང་གི་གསེར་ཞུན་དྭངས་མ་འཇིག་རྟེན་དགའ་བའི་དགྱེས་སྟོན་དུ་བཤམས

དུས་དེ་རིང་ལ   ཡུམ་ཆེན་དགྱེས་བའི་དུས་དེ་རིང་ལ
ཕྱིར་དྲན་གྱི་སྒོ་ཐེམ་ལ་འཛེག་སྟེ
ཁ་སང་ལ་མིག་ཞགས་འཕེན་དུས
ཁྱེད་ཀྱིས་སྦྱིན་པའི་བརྩེ་བ་མང་པོ་ཞིག
ལྷོད་གཡེང་གི་སྲུབས་ཀ་ནས་སྟོར་སོང་ལ
སྨྱོ་ཧམ་གྱི་ཧུབ་ཀྱིས་བཏུང་སོང
འོན་ཀྱང་མི་ཚེ་ཡི་གོམ་འགྲོས་ཁྲོད
གནས་ལུགས་ཀྱི་བདེན་པ་གླུ་རུ་གྱེར་ནས
ཁྱེད་ཀྱི་བཀའ་དྲིན་གྱི་ལྗོངས་ཆེན་ལ་དྲིན་གཟོའི་སྙན་པ་འབུལ།