ཀ་ཕྲེང་མུན་སེལ་སྒྲོན་མེ། སྒྲོལ་མ་འཚོ།

རྩོམ་པ་པོ།: 2014-06-02

 སྒྲོལ་མ་འཚོ།

འཛིན་གྲྭ མཐོ་གཉིས་འཛིན་བཞི།
རུས་མིང་། སྒྲོལ་མ་འཚོ།

ཀྭ་ཡེ་རིགས་རྒྱུད་གཅིག་པའི་སྤུན་ཟླ་ཚོ།
ཁ་བའི་ལྗོངས་འདིའི་འགྱུར་ལྡོག་མི་མཐོང་ངམ།
ག་རེ་ད་ལྟའི་སྤྱི་ཚོགས་གནས་བབ་འདིར།
ང་རྒྱལ་སྐྱེས་རིན་མ་རེད་འབད་རིན་རེད།
ཅ་ཅོའི་ངང་ནས་མི་ཚེ་མི་གཏོང་བར།
ཆ་རྒྱུས་ཡོད་པའི་མེས་བོའི་ཤུལ་བཤག་ལ།
ཇ་ཁའི་སྨུག་པས་མིག་གཉིས་མི་སྒྲུབ་པར།
ཉ་རའི་དམར་ཆུང་སེམས་ལ་བཟུང་ཞིག་ཨང་།
ཏ་ལའི་ཤིང་སྡོང་འདྲ་བའི་ལུས་པོ་ལ།
ཐ་མག་དུག་རིགས་འཐེན་ནས་གནོད་པར་བྱས།
ད་ལྟའི་སྒོར་མོ་ཆེད་དུ་གཉེན་ཉེ་བསླུ།
ན་ཟླ་འདི་ཚོ་རིག་ན་ཡིད་རེ་སྐྱོ།
པ་ཕའི་གསུང་བའི་བསླབ་བྱའི་ཕྲེང་བ་ནི།
ཕ་བཟང་བུ་ལ་བཤད་པའི་སྙིང་གཏམ་ཡིན།
བ་མོའི་འོ་མ་ལྟ་བུའི་ལྷག་བསམ་ནི།
མ་བཟང་བུ་མོར་གནང་བའི་ལེགས་སྐྱེས་ཡིན།
ཙ་ཙིག་བྱ་བར་དཀའ་སེམས་མི་སྐྱེས་བར།
ཚ་བ་གདོང་གིས་བསུ་བཞིན་འབད་པ་བྱོས།
ཛ་ལང་སྤྱོད་པ་དག་རྣམས་སྤང་གྱུར་ནས།
ཝ་ལེར་མིག་མདུན་བྱ་བ་སྒྲུབ་པར་བྱོས།
ཞ་ར་བཞིན་དུ་དོན་རྣམས་མི་སྒྲུབ་པར།
ཟ་མ་གང་ཞིམ་ཟོས་ནས་མི་འདུག་པར།
འ་ཅག་གངས་རའི་ལྗོངས་ཀྱི་བུ་ཡིན་ན།
ཡ་རབས་སྤྱོད་ཚུལ་བཟུང་ནས་མདུན་དུ་སྐྱོད།
ར་རོ་གླེན་པའི་སྤྱོད་ཚུལ་དོར་བར་བྱོས།
ལ་རྒྱ་ཅན་གྱི་བོད་མི་དེ་འདྲ་མིན།
ཤ་ཚའི་སྙིང་གཏམ་དྲོན་མོ་འདི་དག་ནི།
ས་ཁུལ་ཀུན་གྱིས་ཐོས་བའི་སྨོན་འདུན་ཞུ།
ཧ་ཅང་མཁས་བའི་ཚུལ་གྱིས་བྲིས་བ་མིན།
ཨ་ཁ་མ་ཟེར་སེམས་ལ་འཛིན་རྒྱུ་གལ།