ཕ་ཡུལ་གྱི་རྣམ་པ། ཀརྨ་མཚོ་མོ།

རྩོམ་པ་པོ།: 2014-12-25

རུས་མིང་། ཀརྨ་མཚོ་མོ།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་གསུམ་པ།
མཛུབ་སྟོན་དགེ་རྒན། སྦྱིན་པ།

               འཛམ་གླིང་དབྱིག་འཛིན་རྒྱལ་མཚན་མཐོ་བའི་སྤོར། །
               གོ་ལའི་ཡང་རྩེ་ས་ཡི་རྩེ་མོ་རུ། །
               ཆགས་པའི་ཁ་བ་ཅན་གྱི་ཡུལ་ལྗོངས་ལ། །
               བྱེ་བྲག་ནང་ཆེན་ཞེས་པའི་ཡུལ་འདི་རྨད། །

               གངས་དཀར་ཤེལ་གྱིས་གྲུབ་པའི་ཇོ་བའི་གནས། །
               སྐུ་རུང་ཆོས་ཀྱི་གླིང་གི་མཆོད་རྟེན་དང་། །
               མ་བཅོས་རང་བྱོན་ཅན་གྱི་གནས་མཆོག་སོགས། །
               མཐའ་བཞི་རྒྱན་ཆས་སྤུད་པའི་ནང་ཆེན་མཛེས། །

               ལྔ་རིག་སློབ་གསོ་སྤེལ་བའི་སློབ་རའི་ཁྲོད། །
               རྣམ་དཀར་དགེ་བའི་བཤེས་ཀྱིས་མཛུབ་ཁྲིད་འོག །
               བློ་གསལ་གཞོན་ནུ་མང་པོ་གསོ་སྐྱོང་དང་། །
               མི་རིགས་སློབ་གསོ་དར་བའི་ནང་ཆེན་མཆོག །

               སེམས་དཀར་བསམ་དཀར་འགྲན་པའི་ན་ཟླ་ཚོ། །
               བློ་སེམས་གཞན་གྱི་ཡུལ་དུ་མ་འཁྱམས་པར། །
               རྩེ་གཅིག་ཕ་སྐད་གཙང་མར་འབད་བྱས་ནས། །
               མ་འོངས་གངས་ལྗོངས་དཔྱིད་ཀྱི་དཔལ་ལ་འགྲན། །

               བགྲང་ཡས་ཕྱུགས་རིགས་དཀར་ནག་འབྲོག་ཐང་དུ། །
               མཐའ་ཡས་རྩྭ་ཐང་གཟན་ལ་བཀྲམ་པ་འདིར། །
               སྒྱུ་འཕྲུལ་ཟོལ་གྱིས་འགྲན་ལ་ཆས་སམ་སྙམ། །
               ཕ་ཡུལ་ནང་ཆེན་ནོར་བུ་གླིང་དེ་མཆོག །