ཁ་བའི་མེ་ཏོག ཀརྨ་ལྷུན་འགྲུབ།

རྩོམ་པ་པོ།: 2014-12-25

རུས་མིང་། ཀརྨ་ལྷུན་འགྲུབ།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་དང་པོ།
མཛུབ་སྟོན་དགེ་རྒན། སྦྱིན་པ།

ཁ་བའི་མེ་ཏོག་ལགས།
ཁྱེད་ནི་རྒྱང་རིང་ནས་སྐྱེས་ཤིང་མཛེས་སྡུག་རྫོགས་པའི་མེ་ཏོག་ཅིག་ཡིན་ལགས།
ཞོགས་པའི་ཟིལ་པ་ཡི་ཁྲོད་དུ་འཇའ་ཚོན་ནི་འོད་ཟེར་བཞིན་འཕྲོས་སོང་།
ཁ་བའི་འདབ་མ་ཟུར་གསུམ་ལྷབ་ལྷུབ་ཏུ་འབབ་བཞིན་དགུན་གྱི་དཔལ་མོ་རབ་ཏུ་ངོམས།
ཨེ་མ།
ཁྱེད་ནི་ང་ཆེས་དགའ་ཞིང་དུང་བའི་ཁ་བའི་མེ་ཏོག་ཡིན།
ངས་འབྲི་བསམ་པའི་སྙན་ངག་གི་ཡིག་འབྲུ་ཐམས་ཅད་ནི་ཁ་བའི་མེ་ཏོག་ལ་བལྟས་ནས་བྱུང་སོང་།
ང་ཡི་རེ་སྨོན་གྱི་སྙན་རྩོམ་ནི་ཁ་བའི་མེ་ཏོག་དང་འདྲ་བོ་འདུག་ཨང་།


                བདག་གི་སྨོན་འདུན་གྱི་དྲི་བཟང་ཐུལ་བའི་ཕ་ཡུལ།

     གངས་ཅན་ཁ་བའི་ལྗོངས་སུ། །
     ཁྲི་གདུགས་ཉི་མ་ཤར་སོང་། །
     ཕ་ཡུལ་ཟུར་ལྗོངས་ཕྱུག་མོར། །
     རྒྱལ་བསྟན་བླ་རུ་མཐོ་སོང་། །

     ཟུར་མང་ཆོས་ཀྱི་ཞིང་དུ། །
     མཛེས་པའི་ལྷ་ཁང་བཞེངས་ཡོད། །
     ལྷ་སྐུ་སུམ་བརྒྱ་དྲུག་བཅུ། །
     གཙུག་ལག་ཁང་གི་རྒྱན་ཡིན། །

     ཟུར་མང་གར་བསྟན་དྲུང་གསུམ། །
     དགོན་ཆེན་དབུས་སུ་བཞུགས་ཡོད། །
     བཀའ་དང་བསྟན་འགྱུར་མང་པོ། །
     ཆོས་ཀྱི་ལུང་བསྟན་གནང་འདུག །

     སྟོད་ཀྱི་ཨ་མྱེ་རྡོ་ཏིར། །
     སེང་གེ་དཀར་མོ་འགྱིང་ཡོད། །
     སྨད་ཀྱི་ཡོས་ཆུ་སྔོན་མོར། །
     གསེར་མིག་ཉ་མོ་འཁྱུགས་སོང་། །

     རྩྭ་ཐང་སྔོན་མོའི་ཐོག་ཏུ། །
     རྟ་ནོར་ལུག་གསུམ་འཛོམས་ཡོད། །
     ཕྱུགས་རིགས་འཕེལ་ཁ་དར་ནས། །
     འོ་མའི་རྒྱ་མཚོ་འཁྱིལ་སོང་། །